༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་གྲོས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་འཐུས་མི་གསར་འདེམས་རྗེས། ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧུང་སུན་ཧན་ (Hung, Sun-Han) མཆོག་ནས་ཐའེ་ཝན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་གདན་ཞུ་དང་འབྲེལ། གལ་ཆེའི་མཛད་རིམ་ཁག་ཅིག་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། དེ་བཞིན་ཕྱོགས་བཞུགས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༤ ནས་ ༢༡ བར་ལྡི་ལི་དང་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་རེད། །
གསར་གནས།
འབྲེལ་གནས།