༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༠༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེའི་ཝན་དུ་ས་འགུལ་གྱི་རང་བྱུང་གོད་ཆག་བྱུང་བར་ཐའེ་ཝན་གྱི་སྲིད་འཛིན་ཚའི་ཨིང་ཝེན་མཆོག་ལ་ཕྱག་བྲིས་སྩལ་ཏེ། རང་བྱུང་གི་གོད་ཆག་འདིའི་ཁྲོད་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་ཐུགས་གསོ་མཛད་འདུག
དེ་ཡང་གསུང་འཕྲིན་ནང་མགོན་པོ་མཆོག་གིས། ངོས་ནས་རང་བྱུང་གི་གོད་ཆག་འདིའི་ནང་རྐྱེན་འདས་སུ་འགྲོ་མཁན་རྣམས་ལ་བསྔོ་སྨོན་དང་། གནོད་སྐྱོན་འཕོག་མཁན་ཚོར་སྨོན་ལམ་ཞུ་རྒྱུ་མ་ཟད། སྐུ་ཉིད་དང་ཆག་སྒོ་དེ་ལ་བརྟེན་ནས་གནོད་སྐྱོན་འཕོག་མཁན་ཚོར་སེམས་གསོ་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱི་སྲིད་གཞུང་དང་འབྲེལ་ཡོད་ཚོགས་པ་ཁག་ནས་གནོད་སྐྱོན་འཕོག་མཁན་ཚོར་ངལ་སེལ་རོགས་སྐྱོར་གང་མགྱོགས་གནང་བཞིན་པར་བསྔགས་བརྗོད་ཞུ། ཞེས་བཀའ་སྩལ་ཡོད་པ་བཅས།།