༄༅། །འདི་གར་ཆེ
ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་རྒྱ་གར་ཁྲིམས་རྩོད་པ་ཝ་རུན་ཨ་གྷར་ཝལ་ (Varun Agarwal) མཆོག་ནས་རྒྱ་གར་གྱི་མི་སེར་ཁྲིམས་ཡིག་ (Citizen Amendment Act (CAA) དང་འབྲེལ་བའི་གོ་རྟོགས་དང་། ཡང་རྒྱ་གར་ཁྲིམས་རྩོད་པ་རི་ཤབ་པན་ཊེ་ (Rishab Pandey) མཆོག་ནས་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ (The policy of the Central Government of India in providing facilities for Tibetans in exile) དང་འབྲེལ་བའི་གོ་རྟོགས་སྤེལ། སྐབས་དེར་ཁོང་གཉིས་ཀྱི་ཕྱག་རོགས་བོད་རིགས་ཁྲིམས་རྩོད་པ་ངག་དབང་ཆོས་སྒྲོག་ལགས་ནས་སྐད་བསྒྱུར་མཐུན་འགྱུར་ཞུས།
དེ་བཞིན་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ནས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་གཙོ་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་ངོ་སྤྲོད། བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་འབྲེལ་ནས། ཁ་མཆུ་ཞུ་གཏུག་མ་བྱས་གོང་ནས་ཤེས་དགོས་པའི་གནད་འགག་དང་། ཐོག་མཐའ་བར་གསུམ་གྱི་ཁ་མཆུ་ཞུ་གཏུགས་དང་ཐག་གཅོད་ཀྱི་བྱ་རིམ། བཅོས་གསོའི་ཐབས་ལམ་ཇི་ཡོད་སོགས་ཀྱི་ཁྲིམས་ལུགས་གོ་རྟོགས་སྤེལ་བ་བཅས། །