༄༅། །ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཉེ་ཆར་ལྡི་ལིར་སྨན་བཅོས་གནང་མུས་ཡིན་འདུག་ནའང་དེ་རིང་སྟེ་ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་དཔལ་ལྡན་བཀའ་ཤག་ཏུ་སྙན་སེང་བྱུང་བར་ཆེས་ཐུགས་ཕམ་དང་འབྲེལ་དམ་པ་ཁོང་གིས་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་དེ་རིང་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་དཔལ་ལྡན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། གོང་དུ་བཀའ་དྲུང་གིས་ཚེ་འདས་འཆི་མེད་ཚེ་དབྱངས་ལགས་ཀྱི་ལོ་རྒྱུས་ཆ་ཚང་སྒྲོ
དམ་པ་ཁོང་ནི། ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ཉིན་ཅོན་ཏ་ར་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༠ ཟླ་བ་ ༡ ཚེས་ ༢༤ ནས་ཟླ་དྲུག་ཚོད་ལྟའི་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༠ ཟླ་བ་ ༨ ཚེས་ ༡༨ ནས་གཞུང་ཞབས་ངོ་མར་བསྐོ་གཞག་དང་ཤེས་རིག་ལས་ཁུངས་སུ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༡ ཚེས་ ༡༩ ནས་དྲུང་ཆེ་གཞོན་པར་གནས་སྤར་གནང་། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༢ ཚེས་ ༡༥ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པའི་ལས་འགན་ཐོག་བཀོད་སྒྲིག ཕྱི་ལོ་ ༢༠༡༠ ཚེས་ ༡༠ ཚེས་ ༡༣ ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར་གནང་། ཕྱི་ལོ་༢༠༡༠ ཟླ་བ་ ༡༠ ཚེས་ ༡༩ ནས་ཤེས་རིག་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེར་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༩ ཚེས་ ༡ དྲུང་ཆེ་ལས་འཕར་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༡༧ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ ཚེས་ ༡ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བཀོད་སྒྲིག་གནང་ནས་ཐུགས་འགན་བཞེས་མུས་ཡིན་པ་བཅས།།
ཡིད་སྐྱོའི་གནས་ཚུལ།
གསར་གནས།

འབྲེལ་གནས།
