༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི་ཐེངས་བདུན་པ་གསལ་བསྒྲགས་ཞུ་ཡི་ཡོད། ལས་གཞི་འདི་བརྒྱུད་རྒྱ་གར་ནང་གནས་འཁོད་བོད་རིགས་སྒྱུ་རྩལ་བ་དང་། སྒྱུ་རྩལ་མཁན་གསར་འཐོན་པ། རིག་གཞུང་ཉམས་ཞིབ་པ་རྣམས་ལ་བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་འབུམ་གཅིག་ནས་འབུམ་བཞི་བར་རོགས་དངུལ་གནང་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལས་འཆར་སྤེལ་འདོད་ཡོད་རིགས་རྣམས་ནས་ཞུ་སྙན་འགེངས་ཤོག་དང་། དགོས་མཁོའི་ཡིག་ཆ་ཁག་༼འདི་ནས། འགེངས་ཤོག་དང་། ལས་འཆར་དང་འཆར་རྩིས་འབུལ་ཕྱོགས་ལམ་སྟོན། ཕབ་ལེན་གནང་དགོས། ༽ ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ངམ་སྦྲག་བརྒྱུད་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༠ འགྱངས་མེད་ཕུལ་ཟིན་པ་དགོས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༣ ལ།།
དགོས་ངེས་ཡིག་ཆ་ཁག
- དོ་བདག་གི་མཚན་རྟགས་འཁོད་པའི་འགེངས་ཤོག་སྙན་ཞུ།
- བོད་ཨིན་གང་རུང་ནང་ལས་འཆར་གང་གི་ཆེད་དུ་རོགས་དངུལ་ཞུ་བཞིན་པ་དེའི་འགྲེལ་བརྗོད་ཤོག་ངོས་གསུམ་ནས་ལྔ་བར་འབུལ་དགོས།༼ལས་འཆར་འབུལ་ཕྱོགས་ལམ་སྟོན་ལྟར་འགེངས་དགོས།༽
- ལས་འཆར་གྱི་འཆར་རྩིས།༼འཆར་རྩིས་འགེངས་ཤོག་མ་དཔེ་ལྟར་འགོད་དགོས།༽
- སོ་སོའི་ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གཉིས་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ་འབུལ་དགོས།
- དོ་བདག་གི་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
- དོ་བདག་གི་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
- ཚོགས་པ་ཡིན་ཚེ། ཚོགས་པའི་འགན་འཛིན་གྱི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས་འབུལ་དགོས།
- ཚོགས་པ་ཡིན་ཚེ། ཚོགས་པའི་འགན་འཛིན་གྱི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས་འབུལ་དགོས།
མཐའ་མའི་འདེམས་སྒྲུག་བརྒྱ་ཆ་གནང་ཕྱོགས།
- ལས་འཆར་གྱི་བཟོ་སྒྲིག་སྤུས་ཚད་ལ། ཨང་༣༠།
- བཅར་འདྲི་ལ། ཨང་༧༠།
འདེམས་སྒྲུག་བརྒྱུད་རིམ།
- འདེམས་སྒྲུག་ཚོགས་ཆུང་ནས་ལས་འཆར་ཡིག་ཆ་ཁག་ལ་གཟིགས་ཞིབ་ཀྱིས་འདེམས་སྒྲུག་དང་པོ་ཞུ་རྒྱུ།
- བདམས་ཐོན་བྱུང་བའི་སྙན་འབུལ་བ་རྣམས་ལ་བཅར་འདྲི་ཞུ་རྒྱུ། དེ་ཡང་དྷ་ས་ཉེ་འཁྲིས་སུ་ཡོད་པའི་སྙན་འབུལ་བ་རྣམས་ལ་ངོ་འཕྲད་བཅར་འདྲི་དང་། སྙན་འབུལ་བ་གཞན་རྣམས་ལ་བརྙན་མོལ་ཁ་པར་(Video calling)ཐོག་བཅར་འདྲི་ཞུ་རྒྱུ།
ཐུགས་སྣང་། གོང་འཁོད་དགོས་ངེས་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་སུ་རུང་གི་དག་མཆན་ལས་དམ་ངེས་པར་དུ་འགོད་དགོས།
ཞུ་སྙན་འབུལ་ཡུལ།:
Department of Religion and Culture, CTA
Dharamsala -176215, Kangra District (H.P.), India
Email: [email protected]
Phone: 01892-226737 / 222685
Concerned staff mobile no. 9816743672, 8296450233