༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོ གས་ཀྱི་འགན་འཛིན་ལྷན་རྒྱས་ནས་བོ ད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ ཀྱི་གནས་བབ་དང་འབྲེལ་ཏེ་ཁྲིམས་ ཡིག་བསྐྱར་ཞིབ་དགོས་གལ་གྱི་ཡིག་ ཐོག་སྙན་ཞུ་ཞིག་འབྱོར་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་ མཆོག་བཀའ་བསྡུར་གྱིས་རྒྱུན་ལས་ ཀྱི་ཚོགས་ཆུང་ཞིག་བསྐོ་གཞག་ཟིན་ ནས། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༣༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠།༠༠ ཐོག་ཚོགས་ཆུང་གི་ཚོགས་མི་སྤྱི་ འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ ཚེ་བརྟན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་ རྒྱལ་མཚན་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ནས་འབྲེལ་ཡོད་ཡིག་ཆ་ཁག་ གཟིགས་ཞིབ་གནང་རྒྱུ་དང་། དེ་བཞིན་འབྲེལ་ཡོད་འཕྲོད་བསྟེན་ ལས་ཁུངས་སོགས་ལ་འདྲི་ཞིབ་གནང་ དགོས་ཆགས་རྒྱུར་སྐབས་མཚམས་འབྲེ ལ་བ་གནང་རྒྱུ་རེད་འདུག་པ་བཅས། །
གསར་གནས།
འབྲེལ་གནས།