༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་
དེ་ཡང་ཟླ་བ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བེ་ཀ་ (Becca Balint) ལགས་ཀྱི་མངའ་སྡེའི་ལས་དོན་འགན་འཛིན་ (State Director David Scherr) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་ (Peter Welch) ལགས། ཉེ་ཆར་གསར་དུ་བདམས་ཐོན་བྱུང་བའི་ལྦར་མོཎ་ཊ་མངའ་སྡེའི་གྲོང་ཁྱེར་ (Burlington) གྱི་གྲོང་ཁྱེར་སྤྱི་ཁྱབ་ (Emma Mulvaney) ལགས་ཀྱི་ལས་ཁུངས་ཀྱི་གནད་ཡོད་ལས་བྱེད་དང་མཇལ་མོལ་གནང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ལ་ཞུ་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད་ངོ་སྤྲོད་དང་། ཨ་རིའི་ནང་གི་བོད་པའི་གནས་སྟངས། ད་རེས་ཨ་རིར་ཕེབས་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་བ་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་ (Peter Welch) ལགས་ཀྱིས་དུས་ཡུན་རིང་པོར་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ཁོང་རྣམས་ནས་ཀྱང་སྲིད་སྐྱོང་མཆོག་གི་ཞུ་སྐུལ་ལ་ཐུགས་སྣང་དང་འབྲེལ་བོད་ཀྱི་བདེན་དོན་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རྣམ་འགྱུར་གསལ་སྟོན་གནང་ཡོད་པ་རེད།
མཇལ་འཕྲད་གྲུབ་རྗེས་མ་འོངས་སོན་
ཕྱི་དྲོ་ས་གནས་མང་ཚོགས་ནས་དཔལ་ལྡན་སྲིད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། དེ་རིང་ང་འདིར་སླེབས་སྐབས་དུས་
ཚེས་ ༡༣ ཉིན་སྦོ་སི་ཊོན་ཕེབས་འབྱོར་གྱི
ཚེས་ ༡༤ ཞོགས་པ་ས་གནས་བོད་རིགས་གཞོན་སྐྱེས་རྣམས་ཀྱི་བོད་དོན་ཤེས་བྱ་ཕུན་