༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་མངའ་སྡེ་ཨུར་ཏར་པརཱ་དེཤ་ (Uttar Pradesh) རུ་རྟེན་གཞི་བྱས་པའི་གནས་མཆོག་ཨ་ཡོ་ཌི་ཡ་ རཱམ་མན་དྷིར་ (Ayodhya Ram Mandir) གྱི་འབྲེལ་ཡོད་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༡ ཉིན་དྷ་རམ་ས་ལ་ནས་ལྡི་ལི་བརྒྱུད་ཨུར་ཏར་པརཱ་དེཤ་ཕྱོགས་སུ་ཐོན་གནང་རྒྱུ་དང་། ཉིན་དེའི་དགོང་མོར་ཨ་ཡོ་ཌི་ཡ་ སར་ཡུ་ཆུ་བོའི་ (Saryu River) འགྲམ་དུ་ཨར་རྟིར་ (Arti) མཉམ་ཞུགས་གནང་རྒྱུ།
དེ་ནས་ཕྱི་ཚེས་ ༢༢ ཉིན་གནས་མཆོག་ཨ་ཡོ་ཌི་ཡ་རཱམ་མན་དྷིར་དུ་གནས་གཟིགས་དང་མཆོད་མཇལ་དུ་ཕེབས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༣ ཉིན་ལྡི་ལི་དང་། ཕྱི་ཚེས་ ༢༤ ཉིན་དྷ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་བཅས།།