༄༅། །འདི་གར་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་ག་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་གཞོན་ནུ། ས་གནས་བུད་མེད་ལྷན་ཚོགས་བཅས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་པ་དང་སྟབས་བསྟུན། ས་གནས་འགོ་འཛིན་ལས་ཁུངས་ཉམས་གསོ་བགྱིས་ཏེ་གོང་འཁོད་ཚེས་གྲངས་ཉིན་གཟའ་སྐར་འཕྲོད་འབྱོར་བྱུང་བས་ས་གནས་འགོ་འཛིན་ལས་ཁུངས་དབུ་འབྱེད་མཛད་སྒོ་ཡང་ཚོགས་གནང་ཡོད། དེ་ཉིན་སྐུ་མགྲོན་གཙོ་བོར་ས་གནས་ཉེན་རྟོག་པ་པྲ་ཏབ་རའོ་བྷོ་ས་ལི་ (Pratap Rao Bhosale) ལགས་དང་། དམིགས་བསལ་སྐུ་མགྲོན་དུ་ནོར་རྒྱས་གླིང་གི་གཞིས་མི་ལོ་ན་རྒས་ཤོས་ཆོས་ནོར་བུ་ལགས་ཕེབས་གནང་གིས་ལས་ཁུགས་དབུ་འབྱེད་གནང་ཡོད།དེ་བཞིན་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་གྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་རྣམས་ངོ་སྤྲོད་དང་འབྲེལ་གཞིས་གྲོང་གཉིས་སུ་འཚམས་གཟིགས་དང་། ལས་གཞི་རྣམས་ལ་རྟོགས་ཞིབ་གནང་ཡོད། དེ་ནས་ཕྱི་ཚེས་ ༢༨ ཉིན་ནོར་རྒྱས་གླིང་ནས་དུརག་བར་ཕེབས་སྐྱེལ་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།