༄༅། ། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་བོད་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་བོད་མི་རྣམས་ལ་དྲག་གནོན་བྱས་པའི་ཡ་ང་བའི་ཛ་དྲག་གནས་ཚུལ་ལ་ཐུགས་འཚབ་དང་སྦྲགས་བོད་མི་ཞི་རྒོལ་བ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་བསྒྲགས་སྤེལ་ཡོད།
བསྒྲགས་གཏམ་འདིའི་ནང་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེ