༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་བལ་ཡུལ་ས་གནས་ལས་ཁུངས་ཁག་ནང་ལས་ཁུངས་དོ་དམ་པའི་ས་མིག་ ༡ ༼ གཅིག ༽ ཐོག་བལ་ཡུལ་རང་ནས་ལས་བྱེད་གསར་འདེམས་བྱ་རྒྱུར། འཚང་རྒྱུགས་ནང་མཉམ་བཞུགས་གནང་རྒྱུར་གཤམ་གསལ་འོས་ཆོས་ཚང་ཞིང་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་བལ་ཡུལ་གནས་སྡོད་བོད་མི་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༢ ཕྱི་དྲོ་ཕྱག་ཚོད་ ༤ པ་འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འགེངས་འབུལ་ཞུ་དགོས།
ཀ༽ ལས་ཁུངས་དོ་དམ་པའི་འདེམས་སྒྲུག་གི་རྒྱུགས་ལེན་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’s Degree & mark card) ཐོན་པ་དགོས། རྩིས་ཀྱི་རྒྱབ་ལྗོངས་ཡོད་ན་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༢༽ ལོ་ཚད། ༢༠༢༤།༤།༢༢ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། བོད་ཨིན་གཉིས་ཀྱི་སྐད་ཡིག་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། རྒྱུགས་འཕྲོད་པར་བོད་ཨིན་གཉིས་སོ་སོར་ཉུང་མཐའི་བརྒྱ་ཆ་ ༥༠ རེ་ལོན་དགོས།
གོང་གསལ་ཆ་རྐྱེན་ཐོག་གཤམ་གསལ་ཡིག་ཆ་ཁག་ངེས་པར་ཚང་དགོས།
༣༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༥༽ བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་ (Medical certificate) སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༦༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༧༽ ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར་( No objection letter) ངེས་པར་དགོས།
འཚང་སྙན་འབུལ་མཁན་རྣམས་ནས་ (tibet.net) འམ་ (dhemkolhenkhang.net) དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༢ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏོང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༤ ཟླ་ ༣ ཚེས་ ༢༣ ལ།།
ལས་དོ་གནས་རིམ་འགེངས་ཤོག་དྲྭ་མཐུད། ༼ Online Application Form ༽
https://forms.gle/52zPR6WSsU4HdGf27
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]