༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བདུན་པ་བསྐོང་ཚོགས་གནང་ཡོད།
སྐབས་དེར་རྩིས་ལོ་ ༢༠༢༣་་་༢༠༢༤ ལོའི་བར་བརྒལ་བཀའ་འཁྲོལ་དང་། རྩིས་ལོ་ ༢༠༢༤་་་༢༠༢༥ ལོའི་ལོ་འཁོར་སྔོན་རྩིས། དང་བླངས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས། དེ་བཞིན་མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་སྒྲིག་གཞི་གཙོས་པའི་ལས་འཆར་ཁག་བཅུ་གཉིས་ཐོག་གྲོས་བསྡུར་གནང་ཡོད་པ་བཅས།།