༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་ཨ་པང་གྷ་ལ་རུ་རྟེན་གཞི་བྱས་པའི་རྒྱ་གར་སྨན་སྣ་ཉམས་ཞིབ་བསྟི་གནས་ཁང་ (ICAR-IISR) གི་ཡན་ལག་བསྟི་གནས་ཁང་གི་གོ་སྒྲིག་དང་། རྒྱལ་ཡོངས་ཞིང་པ་ཡར་རྒྱས་ལས་གཞིའི་ (Rastriya Krishi Vikas Yojana) མཐུན་འགྱུར་འོག་ཉིན་གྲངས་གཅིག་རིང་རྒྱ་གར་དང་བོད་མི་ཞིང་པ་ཁག་ཅིག་ལ་གཡེར་མ་ནག་པོ་འདེབས་ལས་གནང་ཕྱོགས་ཀྱི་སྦྱོང་བརྡར་གནང་ཡོད།
སྐབས་དེར་ས་གནས་ཀྱི་ཞིང་པ་གྲངས་ ༡༣༠ དང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་བོད་མི་ཞིང་པ་གྲངས་ ༠༤ མཉམ་ཞུགས་གནང་ཡོད་ཅིང་། ཁོང་རྣམས་ལ་གཡེར་མ་ནག་པོ་འདེབས་ལས་ཡར་རྒྱས་གཏོང་ཕྱོགས་སྐོར་སྦྱོང་བརྡར་གནང་ཡོད་པ་རེད། ཐེངས་འདིའི་སྦྱོང་བརྡར་གྱི་དམིགས་ཡུལ་གཙོ་བོ་ནི་གཡེར་མ་ནག་པོ་འདེབས་ལས་རྒྱུན་གནས་ཆེད་སོ་ནམ་ཞིང་ལས་ཀྱི་ལག་ལེན་ཁག་ཅིག་སློབ་སྟོན་གནང་བའི་ཐོག གཡེར་མ་ནག་པོའི་ཐོན་སྐྱེད་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར། ཞིང་པ་རྣམས་ལ་དེ་དོན་སྟོན་འབྲས་དེ་ཉིད་འདེབས་ལས་ཚགས་ཚུད་དང་། རྒྱུ་སོན་སྤུས་གཟིགས་གནང་སྟངས་སོགས་ཀྱི་སྐོར་སློབ་ཁྲིད་གནང་ཡོད་པ་བཅས།།