༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱ
དེ་ཡང་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་ཁུལ་གྱི་ཨ་རིའི་རོགས་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ཝི་ན་རེ་ཊི་ལགས། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། དགོན་སྡེ་ཁག་ ༥༤ དང་རིག་གཞུང་གི་ཚོགས་སྡེ་ཁག་ ༡༠ ཡི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད།
ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་བ་ཡོད་པ་དང་། གསུང་འཕྲིན་དེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དུས་ཀྱི་འགྱུར་འགྲོས་དང་འཚམ་པའི་༧རྒྱལ་བའི་བཀའ་བསྟན་གཙོ་བོར་གྱུར་བའི་རྩ་ཆེའི་ཡིག་ཆ་རྙིང་པ་ཁག་སྲུང་སྐྱོབ་ཆེད་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་བཞིན་བོད་ཙམ་དུ་མ་ཟད། འཛམ་གླིང་གི་གཅེས་ནོར་བདག་གཅེས་ཀྱི་ལས་གཞི་ཞིག་ཡིན་པ་བཀའ་སྩལ་ཞིང་། མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འདིའི་ཐོག་བཅར་བའི་རིས་མེད་ཆོས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམས་ལ་འཚམས་འདྲི་དང་། འབྲེལ་ཡོད་སྦྱིན་བདག་དང་ལས་བྱེད་པ་རྣམས་ལ་ལེགས་གསོལ་བསྔགས་བརྗོད་མཛད་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་བཞིན་བོད་ཀྱི་གནའ་བོའི་ཡིག་རྙིང་དང་། དཔེ་རྙིང་ཁག་དུས་དང་མཐུན་པའི་སྒོ་ནས་བདག་གཅེས་ཀྱིས་མ་འོངས་བོད་ཀྱི་མི་རབས་གཙོ་བོར་གྱུར་པའི་འཛམ་གླིང་གི་རྒྱ་ཆེ་མི་མང་ནས་ལྟ་ཀློག་ཐུབ་པ་བཟོ་རྒྱུ་ཡིན་སྟབས། བཀའ་ཤག་སྐབས་ ༡༦ པའི་ལས་གཞི་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་ཤིག་ཡིན་པ་དང་། ཕུགས་རྒྱང་རིན་པོར་མང་ཚོགས་ལ་རྒྱ་ཆེ་སར་ཐུགས་ཕན་གསོ་བའི་ལས་གཞི་ཞིག་ཡིན་སྐོར་གསུང་ཡོད།
དམིགས་བསལ་སྐུ་མགྲོན་རྒྱ་གར་ཁུལ་གྱི་ཨ་རིའི་རོགས་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ཝི་ན་རེ་ཊི་ (Veena Reddy) ལགས་ཀྱིས་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་འདི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གོམ་སྟབས་ཆེན་པོ་ཞིག་ཡིན་པ་དང་། ལས་གཞི་འདི་ནས་བོད་མི་ཚོས་རང་རང་སོ་སོའི་རྩ་ཆེ་བའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་སྙིང་སྟོབས་དང་ལྷག་བསམ་དེ་དག་མངོན་གྱི་ཡོད་པ་གསུང་ཡོད།
ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིིའི་དམིགས་ཡུལ་དང་། ད་ཕན་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཡོད་པ་རེད། །