ས་གནས་ཁྲིམས་དྲུང་ཆེད་ལས་དོའི་ས་མིག ༢ དང་། སྐོར་སྐྱོད་ཁྲིམས་དྲུང་ཆེད་སྡེ་འགན་ས་མིག ༡ བཅས་ལས་བྱེད་གྲངས་ ༣
༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༡༡ ཚེས་ ༧ ཉིན་གོང་གསལ་ས་དམིགས་སླད་གསལ་བསྒྲགས་སྤེལ་ཡང་སྙན་ཞུ་འབུལ་འབྱོར་མ་བྱུང་སྟབས། སླར་ཡང་གསལ་བསྒྲགས་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་བྱེད་གསར་འདེམས་བསྐོ་གཞག་བྱ་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༢ ཕྱི་དྲོ་ཕྱག་ཚོད་ ༤ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འབུལ་གནང་དགོས་རྒྱུ།
ཀ༽ ས་གནས་ཁྲིམས་དྲུང་ཆེད་ལས་དོ་ས་མིག་ ༢ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡) ལས་འགན། ས་གནས་ཁྲིམས་དྲུང།
༢) གནས་རིམ། ལས་ཁུངས་དོ་དམ་པ།
༣) ཤེས་ཚད། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་ (LLB) བསླབ་པ་མཐར་སོན་ལག་འཁྱེར་ཡོད་པ། (Degree and mark sheet)
༤) ལོ་ཚད། ༢༠༢༤།༤།༢༢ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
ཁ༽ སྐོར་སྐྱོད་ཁྲིམས་དྲུང་ཆེད་སྡེ་འགན་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡) ལས་འགན། སྐོར་སྐྱོད་ཁྲིམས་དྲུང།
༢) གནས་རིམ། སྡེ་ཚན་འགན་འཛིན།
༣) ཤེས་ཚད། ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་ (LLB) བསླབ་པ་མཐར་སོན་པའི་ལག་འཁྱེར་ཡོད་པ།(Degree and mark sheet)
༤) ལོ་ཚད། ༢༠༢༤།༤།༢༢ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
རྒྱུགས་གཞི།
ཀ། བོད་ཡིག་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་མང་གཏུག་གཤེར་ཁྲིམས་ཡིག ས་ཁང་སྒྲིག་གཞི་གསུམ་གྱི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ། དེ་བཞིན་ཨིན་ཡིག་ཐོག་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
ཁ། བོད་ཨིན་གཉིས་ཀྱི་སྐད་ཡིག་འབྲི་རྒྱུགས་ལེན་རྒྱུ། འདེམས་རྒྱུགས་འཕྲོད་པར་བྱེད་པ་ལ་བོད་ཡིག་དང་དབྱིན་ཡིག་ལ་བརྒྱ་ཆ་ ༣༣ རེ་དང་། ཁྲིམས་ལུགས་ཡིག་རྒྱུགས་ལ་བརྒྱ་ཆ་ ༧༠ ལོན་དགོས། གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་གཤམ་གསལ་ཡིག་ཆ་ཁག་ངེས་པར་འབུལ་དགོས།
༥༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
༩༽ ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར་ངེས་པར་དགོས།
འཚང་སྙན་འབུལ་མཁན་རྣམས་ནས་ (tibet.net) འམ་ (dhemkolhenkhang.net) དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༢ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏོང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༤ ཟླ་ ༣ ཚེས་ ༢༣ ལ།།
སྡེ་ཚན་འགན་འཛིན་དང་ལས་དོ་གནས་རིམ་འགེངས་ཤོག་དྲྭ་མཐུད། ༼Online Application Form༽
https://forms.gle/dbNuuyPevKq1XKrf8
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]