༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རི་སྐུ་ཚབ་དོན་གཅོད་
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་ཀུན་བཟང་ལགས་ནས་འདི་གར་གནས་ཚུལ་ངོ་སྤྲོད་གནང་སྐབས། “ང་ཚོས་ང་ཚོའི་ས་གནས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་ལ། གྲོས་ཚོགས་གོང་མའི་ནང་འགྲོ་བཞིན་པའི་ཁྲིམས་འཆར་ཨང་ S.138 སྟེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་པ་མ་ཟད། ད་དུང་བོད་ཤར་ཕྱོགས་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱེད་པའི་ལས་གཞིར་སྐྱོན་བརྗོད་དང་། ཆུ་མཛོད་ལས་གཞི་མཚམས་འཇོག་ཡོང་ཆེད་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བཀག་ཉར་འོག་ཚུད་པའི་བོད་མི་རྣམས་འཕྲལ་དུ་གློད་འགྲོལ་དགོས་པའི་གསལ་བསྒྲགས་སྤེལ་གནང་ཡོང་བའི་འབོད་སྐུལ་ཡང་ཞུས་པ་ཡིན།
དེ་ནི་ང་ཚོས་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་ཨིཌ་ཝར་ཌི་མར་ཀེ་ (Edward Markey) ལགས་དང་། ཨེ་ལི་ཛེ་བྷེ་ཐི་ཝར་རེན་ (Elizabeth Warren) ལགས་གཉིས་ཀྱི་ལས་བྱེད་མཇལ་དགོས་དོན་གཙོ་བོ་དེ་ཡིན། “ ཅེས་གསུང་གི་འདུག ཐེངས་འདིའི་ཞུ་སྐུལ་ནི། བོད་མིའི་རང་དབང་སྒེར་ལངས་གསུམ་