༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༡༢ ཉིན་བོད་ཀྱི་ལོ་གསར་ཚེས་གསུམ་དང་སྟབས་བསྟུན། ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་དང་། ས་འཐུས་ཚོགས་གཙོ། ལྷ་མགོན་བྱང་ཆུབ་ཆོས་གླིང་དགོན་པའི་སྐུ་ཚབ་བཅས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ཅའོ་ན་མེན་མཆོག་ལ་གཞིས་ཆགས་ལས་ཁུངས་དང་། དར་རྒྱས་གླིང་ས་གནས་བོད་མིའི་ཚབ་ཞུས་ཏེ་ལོ་གསར་གྱི་འཚམས་འདྲི་དང་ཕྱག་རྟགས་ཕུལ་ཡོད་པ་བཅས།།