༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༡ ཉིན་སྦིར་བོད་མིའི་གཞིས་ཆགས་སུ་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་དབུ་འཛུགས་གནང་ཡོད།
དེ་ཡང་ཁྱིམ་ཚང་རེ་རེའི་ཞིབ་བཤེར་གྲུབ་པའི་རྗེས་ཁྱིམ་ཐོ་ཞིབ་བཤེར་བ་རྣམས་ནས་ཤེས་རབ་གླིང་དགོན་པ་དང་། སུ་ཇཱ་བོད་ཕྲུག་ཁྱིམ་སྡེ། སཾ་བྷོ་ཊ་ཉིན་སློབ། ས་གནས་འཕྲོད་བསྟེན་སྨན་ཁང་། འབྲི་རུ་དགོན། ཡན་ལག་སྨན་རྩིས་ཁང་བཅས་སུ་ལས་གཞི་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས།།