༄༅། །བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཀྱི་རྟེན་འབྲེལ་དགའ་སྟོན་སྟབས་བདེ་ཞིག་ལྡི་ལི་སྐུ་ཚབ་དོན་ཁང་དུ་གོ་སྒྲིག་ཞུས་ཡོད།
སྐབས་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་དང་། གཞུང་ཚབ་གཞོན་པ། གཞུང་ཚབ་ལས་བྱེད། ས་གནས་བོད་རིགས་ཚོགས་པ་ཁག་གི་ཚོགས་མི་སོགས་དགའ་སྐྱིད་ངང་མཉམ་ཞུགས་གནང་ཡོད་པ་བཅས། །