༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱིས་མཐུན་འགྱུར་རོགས་རམ་འོག་གསར་འཛུགས་གནང་བའི་ཀུན་ཕན་གླིང་ས་གནས་འགོ་འཛིན་ལས་ཁུངས་གསར་པ་དབུ་འབྱེད་གནང་ཡོད་པ་རེད།
དབུ་འབྱེད་མཛད་སྒོར་ར་ཝང་ལ་ཀུན་ཕན་གླིང་ས་གནས་འགོ་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། མཉམ་དྲུང་། སཾ་བྷོ་ཌའི་དགེ་ཆེ། ཐུབ་བསྟན་དར་རྒྱས་གླིང་གི་གཉེར་པ། ས་གནས་དབུས་གཙང་ཚོགས་པའི་ཚོགས་གཞོན། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག ས་གནས་དང་ཟུར་ཚོགས་གཙོ། ས་གནས་བུད་མེད་ཚོགས་པ། སྤྱི་མི་སོགས་ཕེབས་གནང་ཡོད།དེ་ཡང་གཉགས་སྟོན་པའི་གདན་ས་གླེ་ལུང་ཆོས་སྡེའི་རིན་པོ་ཆེ་མཆོག་དང་། མཁན་པོ། སློབ་དཔོན་བཅས་ནས་ཆོ་ག་དབུ་བཙུགས་གནང་རྗེས་ས་གནས་འགོ་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ལས་གཞིའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་སྟེ་ལས་གཞི་ལེགས་གྲུབ་བྱུང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།