༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༢ ནས་ ༢༥ བར་ཉིན་བཞི་རིང་བལ་ཇི་ཡམ་རྒྱལ་ཁབ་ཀྱི་རྒྱལ་ས་བར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་མཛད་སྒོར་གདན་ཞུས་ལྟར་ཕེབས་འཆར་ཡོད་འདུག ཚོགས་ཆེན་འདི་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བལ་ཇི་ཡམ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གོ་སྒྲིག་ཞུས་གནང་ཡོད་འདུག
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༢༠ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཚེས་ ༢༡ ཉིན་བལ་ཇི་ཡམ་ལ་ཕེབས་རྒྱུ་ཡིན་པ་བཅས། །