༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་ འཛིན་འཇིགས་བྲལ་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོ གས་པུ་ནེ་དང་། མུམ་བྷེ། མོན་གྷོ། གྷོ་བ་བཅས་ནང་ཡོད་པའི་བོད་མིའི་ འདུ་སྡོད་ཁག་ཏུ་ས་བགོས་ཕྱོགས་ བསྐྱོད་ཀྱི་ལས་རིམ་བསྐྱངས་ཡོད་ པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༤ ནས་ཚེས་ ༢༠ བར་མོན་གྷོ་འདོད་རྒུ་གླིང་གཞིས་ ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོ གས་བསྐྱོད་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༤ ཉིན་སྔ་དྲོ་ཚོུད་ ༧།༣༠ ཐོག་མུམ་བྷེའི་སྡོད་གནས་མགྲོན་ ཁང་ Summer Land Guest House ནས་གླ་འཁོར་བརྒྱུད་མུམ་བྷེ་གནམ་ ཐང་དུ་ཐོན། ཆོུད་ ༡༠།༡༥ ཐོག་མུམ་བྷེ་ནས་ཧེ་དར་བྷདྷ་བརྒྱུ ད་ཧུབ་ལི་གནམ་ཐང་དུ་དགོང་མོ་ཚོུ ད་ ༧།༠༠ ཐོག་འབྱོར། སྐབས་དེར་ཕྱོགས་བཞུགས་བོད་མི་ མང་སྤྱི་འཐུས་དགེ་བཤེས་ལྷ་རམས་ པ་ཨ་ཀྲུག་ཚེ་བརྟན་ལགས་དང། ས་འཐུས་ཚོགས་གཞོན། དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ མཚན་གྱི་ཕྱག་མཛོད། རྟའུ་དང་བྲག་འགོ་སྐྱིད་སྡུག རྒོ ད་ཆ་བླ་བྲང་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ གི་རྒྱུན་ལས་བཅས་ནས་ཕེབསབསུའི་ སྣེ་ལེན་ཟབ་རྒྱས་གནང་། དེའི་རྗེས་སུ་ཧུབ་ལི་རུ་སྤྱི་ འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ ཚེ་བརྟན་ལགས་ཀྱིས་དགོངས་ཚིགས་ཟབ་རྒྱས་གྲ་སྒྲིག་གནང་ཡོད་པ་ལྟ ར་དེར་ཕེབས། དགོང་མོ་ཚོུད་ ༡༡།༠༠ ཐོག་མོན་གྷོ་ས་གནས་བླ་མ་བླ་སྤྱི ་མགྲོན་ཁང་དུ་འབྱོར།
ཚེས་ ༡༥ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་མོན་གྷོ་ས་གནས་འགོ་འཛིན་ལས་ ཁུངས་སུ་ས་འཐུས་ཚོགས་གཞོན་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་དངུལ་གཉེར། མཉམ་འབྲེལ་ཚོགས་གཙོ། སློབ་གྲྭ་ཁག་གི་སློབ་སྤྱི་དང་ དགེ་ཆེ་རྣམ་པ། གྲྭ་ཚང་ཁག་གི་ཕྱག་མཛོད། དམག་ཟུར་གཙོས་མོན་གྷོ་ས་གནས་སུ་ ཡོད་པའི་ཚོགས་པ་ཁག་ ༢༦ གི་འཐུས་མི་བཅས་ནས་ཕེབས་བསུའི་ འཚམས་འདྲི་ཞུས། དེའི་རྗེས་སུ་ས་གནས་འགོ་འཛིན་ ལས་ཁུངས་སུ་འཚམས་གཟིགས་དང་ལྟ་སྐོ ར་བྱས། ཚོུད་ ༩།༤༠ ཐོག་ས་གནས་རང་བདེན་ཚོགས་ཆུང་ལས་ ཁུངས་སུ་ལྟ་སྐོར་དང་རྒྱུས་ལོན་ གནང། སྤྱིར་མོན་གྷོ་ས་གནས་སུ་དྭང་བླ ངས་བཅའ་དངུལ་ཚགས་ཚུད་སྤྲོད་ཀྱི་ ཡོད་སྐོར་རྒྱུས་ལོན་བྱུང་འདུག
ཚོུད་ ༡༠།༠༠ ཐོག་ས་འཐུས་ཚོགས་ཁང་དུ་ས་འཐུས་ རྒྱུན་ལས་དང་འཐུས་མི་ལྷན་དུ་ མཇལ་འཕྲད་དང་གླེང་མོལ་གནང་། དེའི་རྗེས་སུ་༸རྒྱལ་བའི་གཟིམས་ ཆུང་དུ་མཆོད་མཇལ་དང་མཉམ་འབྲེལ་ ལས་ཁུངས་སུ་ལྟ་སྐོར་དང་རྒྱུས་ལོ ན་གནང་། མཉམ་འབྲེལ་གྱི་སྡེ་ཚན་ཁག་ ༧ བུན་གཡར་དང་དེ་མིན་ལས་གཞི་སྣ་ མང་སོགས་ཀྱི་སྐོར་རྒྱུས་ལོན་ གནང་། ཚོུད་ ༡༡།༣༠ ཐོག་ཞི་བ་འཚོ་དཔེ་མཛོད་ཁང་དུ་ལྟ ་སྐོར་གནང། དཔེ་མཛོད་དོ་དམ་པས་དཔེ་མཛོད་ཁང་ དུ་ལོ་རེར་ས་གནས་ཕྲུ་གུ་ ༢༠༠ ནས ༣༠༠ སླེབས་ཀྱི་ཡོད་སྐོར་ཞུས་འདུག ཚོུད་ ༡༡།༤༠ ཐོག་ས་གནས་བེུད་ཚོགས་པའི་ལས་ཁུ ངས་དང་ཚེམས་བཟོ་སྦྱོང་བརྡར་ལས་ གཞི་ལ་ལྟ་སྐོར་དང་རྒྱུས་ལོན་ གནང་། ལས་གཞི་དེའི་བརྒྱུད་ད་བར་བེུད་ ༢༠ ལྷག་ཙམ་སྦྱོང་བརྡར་མཐར་སོན་བྱུ ང་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༨ ནས་ས་གནས་སུ་ཕྲུ་གུ་གསར་སྐྱེས་ མའི་ལུས་གསོ་ལས་གཞི། ཕྲུ་གུ་མང་བའི་ནང་མི་ཆེད་གསོལ་ རེས་ལས་གཞི་དང་དྭང་བླངས་ཐོག་ཟླ ་རེར་ཐེངས་གཉིས་རྒན་གསོ་ཁང་དུ་ ཡོད་པའི་རྒན་ཁོག་རྣམས་ལ་གོས་འཁྲུ ས་དང་གཟུགས་ཁྲུས་བྱེད་ཀྱི་ཡོད་ སྐོར་སོགས་ཤེས་རྟོགས་བྱུང་འདུག ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ ལ་ཕྲུ་གུ་གསར་སྐྱེས་མའི་ལུས་གསོ ་ལས་གཞི་འོག་མ་ ༥༡༠ བྱུང་ཡོད་པ་རྣམས་ལ་ས་གནས་བེུད་ ཀྱིས་ཁྱོན་བསྡོམས་ཧིན་སྒོར་ ༡,༢༧༢༡༢ འགྲོ་སོང་བཏང་འདུག
ཉིན་རྒྱབ་གཞིས་གྲོང་ ༣ པའི་བོད་གཞུང་སྨན་རྩིས་ཁང་དུ་ འཚམས་གཟིགས་དང་ལྟ་སྐོར་གནང། སྨན་རྩིས་ཁང་གི་སྨན་པ་དང་ས་གནས་ འཕྲོད་བསྟེན་སྨན་ཁང་། སྨན་ཞབས་ཆེད་ཕེབས་ཀྱིས་ཟླ་རེར་ ཐེངས་གཉིས་རྒན་གསོ་ཁང་དུ་ཡོད་ པའི་རྒན་ཁོག་ཚོར་ལུས་སྦྱོང་དང་། བརྟག་དཔྱད། འཕྲོད་བསྟེན་སློབ་གསོའི་མཐུན་ འགྱུར་གནང་མུས་ཡིན་སྐོར་བརྗོད་ འདུག
དེའི་རྗེས་སུ་ས་གནས་རྒས་གསོ་ཁང་ དང་གཞིས་སྤྱི་ལྷ་མོ་ཚོགས་ཁང་ལ་ ལྟ་སྐོར་དང། ས་གནས་ལྷ་མོ་ཚོགས་པ་བཙུགས་ཏེ་ལོ ་ ༢༦ ཕྱིན་ཡོད་པ་དང་ད་ཆ་ཚོགས་མི་ ༣༠ ལས་མི་འདུག་བཅས་རྒྱུས་ལོན་བྱུང་ འདུག
དེའི་རྗེས་སུ་ས་གནས་དམག་ཟུར་ཚོ གས་པའི་ལས་ཁུངས་མདུན་ཐང་གི་དམག་ ཟུར་དཔའ་བོའི་རྡོ་རིང་མདུན་དུ་ རྒྱ་གར་རྒྱལ་ཁབ་སྲུང་སྐྱོབ་ཆེད་ རང་སྲོག་བློས་གཏོང་གནང་མཁན་བོད་ པའི་དམག་མི་རྣམས་ལ་གུས་རྩི་དང་ མྱ་ངན་ཆེད་མཆོད་མེ་དང་མེ་ཏོག་ཕུ ལ་ཏེ། དེ་ནས་དམག་ཟུར་ལས་ཁུངས་སུ་ལྟ་སྐོ ར་དང་། དམག་ཟུར་ཚོགས་པའི་ཚོགས་ གཞོན་ནས་ད་ལྟའི་ཆར་ས་གནས་སུ་ དམག་ཟུར་ ༣༥༠ ཡོད་བཅས་བརྗོད་འདུག གཞན་ཡང་དམག་ཟུར་ཚོགས་པའི་དྲན་རྟེ ན་མཆོད་བརྟེན་རྒྱབ་ཀྱི་རྩིག་ངོ ས་སུ་བོད་ཕྱི་ནང་གི་སྐུ་ལུས་མེ ར་བསྲེགས་གནང་མཁན་རྒྱལ་གཅེས་ དཔའ་བོ་དང་དཔའ་མོ་རྣམས་རྗེས་དྲ ན་ཆེད་འགྲེམས་སྟོན་ཞུ་ཆེད་མཚན་ གཞུང་དང་པར་རིས་ཚད་ལྡན་ཞིག་གནང་ སྐྱོང་ཡོང་བ་ཞུས་པར་དབུས་གཞོན་ ནུ་ཚོགས་གཙོར་འབྲེལ་བ་མཐུད་དེ་ མཚན་དང་བཅས་པའི་པར་གྱི་སྦྱར་ཡི ག་ཡིག་ཆ་དམག་ཟུར་རྣམས་ལ་ཕུལ་འདུ ག དགོང་མོ་ཚོུད་༦ པའི་ཐོག་བྲག་འགོ་སྐྱིད་སྡུག་གི ས་གོ་སྒྲིག་གནང་བའི་ཞལ་ལག་ལ་ཕེ བས།
ཚེས་ ༡༦ ཉིན་སྔ་དྲོ་ཚོུད་ ༨།༡༥ ཐོག་སཾ་བྷོ་ཊ་གཞི་རིམ་འོག་མའི་ སློབ་གྲྭར་དགེ་སློབ་ཡོངས་ནས་ཕེབས་བསུའི་སྣེ ་ལེན་གྱིས་འཚམས་གཟིགས་གནང་། ཞོགས་འཛོམས་སྐབས་སུ་དགེ་སློབ་ཡོ ངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གི་མཛད་འཕྲིན་སྐོར་དང་། བོད་དོན་འཐབ་རྩོད་དང་དཔེ་ཀློག་ གི་གོམས་གཤིས་གལ་ཆེན་ཡིན་སྐོར་ སོགས་ཀྱི་ལམ་སྟོན་གསུང་བཤད་གནང་། སློབ་གྲྭའི་སློབ་སྤྱིས་སློབ་ཕྲུ ག་གྲངས་ ༢༢༩ ཡོད་པ་དང་ཉེ་ལམ་སློབ་གྲྭ་ཡིས་རི ་མོ་དང་། ཡིག་གཟུགས། ཟློས་གར་སྦྱོར་བརྡ ར་བཅས་ལ་དོ་སྣང་གནང་གི་ཡོ ད་སྐོར་ཞུས་པ་མ་ཟད། སློབ་གྲྭའི་ནང་དུ་འགྱིག་ཤོག་བེ ད་སྤྱོད་གཏོང་མཚམས་བཞག་ཡོད་སྐོ ར་སོགས་ཞུས་འདུག ཚོུད་ ༡༠།༣༠ ཐོག་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ ར་རྔ་རོལ་དང་བཅས་སློབ་སྤྱི་དང་། དགེ་རྒན་ཕ་མའི་ཚོགས་ཆུང། དགེ་ལས་བཅས་ནས་ཕེབས་བསུའི་སྣེ་ ལེན་ལྷན་ལྟ་སྐོར་དང་རྒྱུས་ལོན་ གནང། གཏན་སློབ་དང་ཉིན་མོའི་སློབ་གྲྭའི་ནང་སློབ་ཕྲུག་གྲངས་ འབོར་ཁྱོན་བསྡོམས་ ༣༢༨ ཡོད་འདུག ཞོགས་འཛོམས་སྐབས་སུ་དགེ་སློབ་ཡོ ངས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གི་མཛད་འཕྲིན་སྐོར། བོད་ནང་གི་ཛ་དྲག་གནས་སྟངས། སློབ་གྲྭ་དང་དགེ་རྒན་རྣམས་རྒྱལ་ ཁབ་ཅིག་ལ་མཚོན་ན་གལ་ཆེ་ཇི་ལྟར་ ཡིན་སྐོར་ངོ་སྤྲོད་གནང་འདུག་པ་ མ་ཟད། སློབ་གྲྭས་སློབ་གསོ་སྤྲོད་སྟངས་ ཀྱི་སྤུས་ཚད་ཡར་རྒྱས་གཏོང་དགོས་ གལ་སྐོར་སོགས་ལ་གཏམ་བཤད་གནང་།
ཉིན་རྒྱབ་ཚོུད་ ༢།༡༥ ཐོག་གཞིས་སྤྱི་ཚོགས་ཁང་དུ་མི་ མང་ཚོགས་ཆེན་ཚོགས། སྐབས་དེར་ས་གནས་འགོ་འཛིན་གྱིས་ མོན་གྷོ་གཞིས་ཆགས་ས་ཆ་རྒྱ་ཁྱོན་ ཨེ་ཀར་ ༤༠༤༥.༢༩ ནང་གྲོང་སྡེ་བཅུ་ཡོད་པ་དང་གཞིས་ ཆགས་ཁོངས་སྐྱ་སེར་ཕོ་མོ་བོད་མི འི་གྲངས་འབོར་ ༧༧༧༥ ཡོད་པ། དེ་བཞིན་ས་གནས་སུ་དགོན་སྡེ་གྲྭ་ ཚང་ཆེ་བ་དགུ་དང་ཆུང་བ་དྲུག་ཡོད་ པ་དང་དེ་སྔ་ས་གནས་སུ་བོད་དོན་རྒྱ བ་སྐྱོར་ཚོགས་པ་ Bharat Tibbat Sahyog Manch དང་ Indo Tibet Friendship Association གཉིས་ཡོད་པའི་ཐོག ཉེ་ལམ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣༠ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་ Indo Tibet Friendship Society གསར་འཛུགས་བྱས་ཡོད་སྐོར་ངོ་སྤྲོ ད་ཞུས་འདུག དེའི་རྗེས་སུ་སེར་སྐྱ ་མི་མང་ཡོངས་ལ་གཏམ་བཤད་དང་དྲི་ བ་དྲིས་ལན་གནང་། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་མཛད་འཕྲི ན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ གཏམ་བཤད་གནང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ནས་བོད་དོན་དང་འབྲེལ་བའི་ རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་ བབས་སྐོར་གཏམ་བཤད་གནང་། གཏམ་བཤད་གྲུབ་རྗེས་ཚོུད་ ༥།༣༠ ཐོག་དུས་འཁོར་ཐང་དང་དགོན་པ་རུ་ མཆོད་མཇལ་བཅར། དགོང་མོ་ཚོུད་ ༦ པའི་ཐོག་རྟའུ་སྐྱིད་སྡུག་གིས་གོ ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
ཚེས་ ༡༧ ཉིན་སྔ་དྲོ་ཚོུད་ ༨།༢༠ ཐོག་གྲོང་སྡེ་དྲུག་པར་སཾ་བྷོ་ཊ་ གཞི་རིམ་འོག་མའི་སློབ་གྲྭར་ འཚམས་གཟིགས་གནང་། སློབ་གྲྭའི་ནང་སློབ་ཕྲུག་གྲངས་ འབོར་ཁྱོན་བསྡོམས་ ༨༦ ཡོད་འདུག དེ་མ་ཟད་སློབ་ཕྲུག་རྣམས་ནས་ཉུང་ ཐར་ལོ་རེར་དཔེ་དེབ་ ༡༠༠ བཀླག་དགོས་པའི་ལས་གཞི་དང་སློབ་ གྲྭའི་ནང་དུ་འགྱིག་ཤོག་བེད་སྤྱོ ད་མཚམས་འཇོག་ལག་བསྟར་གནང་ཡོད་སྐོ ར་སོགས་ཤེས་རྟོག་བྱུང་འདུག ཞོགས་འཛོམས་ལས་རིམ་སྐབས་སློབ་ཕྲུ ག་རྣམས་ནས་རྩོམ་ཡིག་དང་སྙན་ངག་ སྒྲོག་སྦྱང་། རྣམ་ཐར། དེ་བཞིན་ཞབས་བྲོ་གཟིགས་འབུལ་ཞུ ས་འདུག སྤྱི་འཐུས་གཉིས་ནས་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་མཛད་འཕྲི ན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ གཏམ་བཤད་གནང་། སློབ་གྲྭ་དང་དགེ་རྒན་རྣམས་ཇི་ལྟ ར་གལ་ཆེན་ཡིན་ཚུལ་དང་། དཔེ་ཀློག་ གི་གལ་ཆེའི་རང་བཞིན་སྐོར་གསུང་བཤད་གྲུབ་མཚམས་སློབ་གྲྭར་ལྟ་སྐོ ར་དང། དེའི་རྗེས་སུ་རེས་གཟའ་ལྷག་པ་ཡི ན་སྟབས་དགེ་སློབ་ཡོངས་ནས་ལྷག་ དཀར་སྒོར་གཞས་གཟིགས་འབུལ་ཞུས།
ཚོུད་ ༡༠།༠༠ ཐོག་གཞིས་གྲོང་ ༦ པར་ཡོད་པའི་བུ་བཅོལ་ཁང་དང་གཞིས་ གྲོང་ ༩ པའི་ཕྲུ་གུ་རྩེད་ཐང་ལ་ལྟ་སྐོར་ ཕེབས། ཚོུད་ ༡༡།༥༠ ཐོག་རྗེས་འབྱོར་བའི་སྡོོད་ཁང་ གཞིས་གྲོང་ ༡༠ པ་ལ་ལྟ་སྐོར་དང་རྒྱུས་ལོན་གནང་། གཞིས་སྤྱི་ནོར་བུ་རིར་མཆོད་མཇལ་ ཞུས། དེ་རྗེས་མོན་གྷོ་རུ་ཇོ་རུ་སྐྱིད་ སྡུག་གིས་གོ་སྒྲིག་གནང་བའི་ཞལ་ ལག་ལ་ཕེབས།
ཉིན་རྒྱབ་ཚོུད་ ༣།༠༠ ཐོག་མོན་གྷོ་རྫོང་གི་རྗོང་དཔོན་ གཞོན་པ་ (Deputy Commissioner & District Magistrate) སྐུ་ཞབས་ Gangu Bai Ramesh Manakar ལགས་ལྷན་དང་མཇལ་ཏེ་ཁོང་ནས་ད་བར་ མོན་གྷོ་གཞིས་ཆགས་སུ་བོད་མིར་ མཐུན་རྒྱུར་རོགས་རམ་གང་ལེགས་ གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲ གས། བོད་ནང་གི་གནས་སྟངས་དང་རྩ་དོན་ འཐབ་རྩོད་སྤྱི་ཡོངས་སྐོར་ངོ་སྤྲོ ད་བྱས། གཞན་ཡང་ཁོང་ལ་ཉེ་ལམ་མོན་གྷོ་རུ་ གནམ་གཤིས་འགྱུར་ལྡོག་རྐྱེན་པས་ སྟོན་ཐོག་ལ་གནོད་ཚབས་ཆེན་པོ་ཕོ ག་སྟེ་ཞིང་པ་རྣམས་ལ་གྱོང་གུན་ཆེ ན་པོ་འཕྲད་པར་མངའ་སྡེ་གཞུང་གིས་ རོགས་རམ་མཐུན་གྱུར་གནང་ཡོད་པ་ལྟ ར། བོད་མི་རྣམས་ལ་ཡང་གཅིག་མཚུངས་ མཐུན་འགྱུར་སྦྱར་ཐབས་གནང་སྐྱོང་ ཡོང་བའི་རེ་སྐུལ་ཞུས། དེ་མ་ཟད་རྒྱ་གར་ཞིང་པ་དང་གཞིས་ གྲོང་རྣམས་ལ་ RTC – Record of Rights, Tenancy and Crops ཀྱི་མཐུན་རྐྱེན་ཇི་ཡོད་བོད་མི་ རྣམས་ལ་ཡང་སྤྲོད་ཐབས་ཀྱི་རེ་སྐུ ལ་ཞུས་འདུག
ཕྱི་དྲོ་ཚོུད་༧།༣༠ ཐོག་མོན་གྷོ་རྩེད་རིགས་ཚོགས་ཆུ ང་གིས་གོ་གོ་སྒྲིག་གནང་བའི་ཞལ་ ལག་དང་བསྟུན་རྒྱུན་ལས་རྣམ་པ་ Dolma Foundation ཚོགས་པའི་འགན་འཛིན་ Frans de Reeper དང་རྒྱ་གར་འབྲེལ་མཐུད་པ་ལས་བྱེ ད་བསྟན་འཛིན་འཆི་མེད་ལགས་ལྷན་དུ ་མཇལ་འཕྲད་དང་གླེང་མོལ་གནང་། གཞན་ཡང་། རྒོད་ཆ་བླ་བྲང་དང་བྲག་གོ་མི་ཚན་ ནས་ས་གནས་ཀྱི་ལས་རིམ་མ་གྲུབ་བར་ དུ་སྡོད་ཁང་མཐུན་རྒྱུར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
སྤྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་འབྲས་སྤུངས་བཀྲིས་སྒོ་མང་སློ བ་གྲྭ་དང་བློ་གསལ་གླིང་ཆོས་རི གས་འཛིན་སྐྱོང་སློབ་གྲྭར་འཚམས་ གཟིགས་གནང་། ཚོུད་ ༡༠།༣༠ ཐོག་འབྲས་སྤུངས་བློ་གསལ་གླིང་དང་། འབྲས་སྤུངས་སྒོ་མང་། འབྲས་སྤུངས་བླ་སྤྱི། ས་སྐྱ་དགོན་པ། རྭ་སྟོད་དགོན་ པ་བཅས་སུ་མཆོད་མཇལ་ཞུས། དེ་རྗེས་སུ་ས་གནས་ཀྱི་ཚོགས་སྡེ་ ཁག་ ༢༦ གིས་ས་འགོ་ལས་ཁུངས་སུ་ཞལ་ལག་གོ་ སྒྲིག་གནང་ཡོད་པ་དེར་ཕེབས། ཉིན་རྒྱབ་ཚོུད་ ༣།༠༠ ཐོག་འབྲས་སྤུངས་དགོན་པར་ཡོད་པའི ་བོད་གཞུང་སྨན་རྩིས་ཁང་དུ་འཚམས་ གཟིགས་གནང། སྨན་རྩིས་ཁང་དུ་ཉིན་རེར་ནད་པ་གྲ ངས་ ༡༥༠ ལྷག་སླེབས་ཀྱི་ཡོད་སྐོར་དང་། སྨན་ པ་རྣམས་ཟླ་རེར་ཐེངས་རེར་གྷོ་བ་ རུ་ནད་པ་རྟག་དཔྱད་ཀྱི་མཐུན་རྐྱེ ན་སྦྱར་ཆེད་འགྲོ་ཡི་ཡོད་སྐོར་སོ གས་ཤེས་རྟོགས་བྱུངའདུག དེའི་རྗེས་སུ་ཚོུད་ ༣།༢༠ ཐོག་ས་འགོའི་ཁྱབ་ཁོངས་རྩི་ཤིང་ འདེབས་ལས་དང་སྒོ་ཕྱུགས་གསོ་སྐྱོ ང་ཁང་སོགས་ཀྱི་གནས་སྟངས་ལ་རྒྱུ ས་ལོན་གནང་འདུག
དགོང་མོ་ཆུ་ཚོད་ ༦།༣༠ ལ་འབྲས་སྤུངས་བླ་སྤྱི་ཚོགས་ཁང་ དུ་འབྲས་སྤུངས་སྒོ་བློ་དང་། ས་སྐྱ། ར་སྟོད། བཀའ་བརྒྱུད་དགོན་པ་བཅས་ཀྱི་དགེ་ འདུན་འདུས་མང་ཡོངས་ལ་གསུང་བཤད་ དང་དྲི་བ་དྲིས་ལན་གནང་། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་མཛད་འཕྲི ན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ གསུང་བཤད་གནང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ནས་བོད་དོན་དང་འབྲེལ་བའི་ རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་ བབས་སྐོར་གསུང་བཤད་གནང་། དེ་རྗེས་འབྲས་སྤུངས་བླ་སྤྱིས་གོ ་སྒྲིག་གནང་བའི་ཞལ་ལག་ལ་ཕེབས།
སྤྱི་ཚེས་ ༡༩ ཉིན་སྔ་དྲོ་ཚོུད་ ༧།༣༠ ཐོག་མོན་གྷོ་ས་གནས་ཆུ་སྒང་གིས་གོ་སྒྲིག་གནང་བའི་ཞལ་ལག་དང་ བསྟུན་རྒྱུན་ལས་རྣམ་པ་ལྷན་དུ་ཐུ གས་འཕྲད་དང་གླེང་མོལ་བྱས། དེེའི་རྗེས་ཚོུད་༨།༣༠ ཐོག་མངའ་གཞུང་གྲོང་གསེབ་ཡར་རྒྱ ས་ལས་ཁུངས་ RDPR (Rural Development and Panchayat Raj Department) ཀྱི་གཞིས་གྲོང་ ༣ ནས་༩ བར་གྱི་གཞུང་ལམ་གནས་སྟངས་ཧ་ཅང་ ཞན་པས་རྐྱེན་ཀྱིས་ཉམས་གསོ་ལས་ གཞི་ཆེད་ཧིན་སྒོར་འབུམ་ ༤༢ དང་ཕྱེད་ཀ་བཀའ་ཁྲོལ་སྩོལ་ཡོད་ པའི་ལས་གཞི་དབུ་འཛུགས་ཀྱི་རབ་ གནས་ Bhoomi Puja གནང་རྒྱུའི་ཐོག་སྤྱི་འཐུས་དབང་ འདུས་རྡོ་རྗེ་ལགས་དང་སྤྱི་འཐུ ས་བསྟན་འཛིན་འཇིགས་བྲལ་ལགས་གཉི ས་སྐུ་མགྲོན་དུ་ཕེབས་ཏེ་དབུ་འབྱེ ད་གནང། ཚོུད་ ༩།༣༠ ཐོག་དགའ་ལྡན་བྱང་རྩེ་དང་ཤར་རྩེ་ སློབ་གྲྭ་དགེ་སློབ་རྣམས་མཇལ་འཕྲ ད་གནང་། དགའ་ལྡན་བྱང་རྩེ་སློབ་གྲྭའི་ནང་ དུ་ད་ལྟའི་ཆར་སློབ་ཕྲུག་གྲངས་ འབོར་ཁྱོན་བསྡོམས་ ༥༠༣ ཡོད་པ་དང་དགའ་ལྡན་ཤར་རྩེ་སློབ་ གྲྭར་སློབ་ཕྲུག་གྲངས་འབོར་ཁྱོན་ བསྡོམས་ ༧༠༠ ཡོད་འདུག
དེའི་རྗེས་སུ་དགའ་ལྡན་བྱང་རྩེའི ་མཁན་རིན་པོ་ཆེ་དང་ལྷན་དུ་མཇལ་ འཕྲད་ཞུས་འདུག ཉིན་རྒྱབ་ཚོུད་ ༡།༠༠ བར་དུ་དགའ་ལྡན་བླ་སྤྱི། དགའ་ལྡན་ཤར་རྩེ། དགའ་ལྡན་བྱང་རྩེ་དང་རྙིང་མ་དགོ ན་པ་བཅས་སུ་མཆོད་མཇལ་ཞུས། དེའི་རྗེས་སུ་བཙུན་དགོན་བྱང་ཆུ བ་ཆོས་གླིང་དུ་གནས་གཟིགས་དང་བཙུ ན་མ་རྣམས་ལ་གསུང་བཤད་དང་དྲི་བ་དྲི ས་ལན་གནང་། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་མཛད་འཕྲི ན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ གཏམ་བཤད་གནང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ནས་བོད་དོན་དང་འབྲེལ་བའི་ རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་ བབ་སྐོར་གཏམ་བཤད་གནང་། དེ་རྗེས་བཙུན་དགོན་བྱང་ཆུབ་ཆོས་ གླིང་གིས་གོ་སྒྲིག་གནང་བའི་ཞལ་ ལག་ལ་ཕེབས།
ཉིན་རྒྱབ་ཚོུད་ ༢།༠༠ ཐོག་ས་གནས་ཉེན་རྟོག་ལས་ཁུངས་ཀྱི ་སྤྱི་ཁྱབ་ཉེན་རྟོག་པ་སྐུ་ཞབས་ B S Lokapur ལགས་ལྷན་དུ་ཐུག་འཕྲད་ཀྱིས་ཁོང་ ལ་མོན་གྷོ་བོད་མིའི་བདེ་འཇགས་ དང་དེ་མིན་འབྲེལ་ཡོད་ལས་དོན་ཐོ ག་གང་མང་མཐུན་འགྱུར་གནང་སྐྱོང་ ཡོང་བའི་རེ་སྐུལ་ཞུས། དེའི་རྗེས་མོན་གྷོ་ས་གནས་སུ་ཡོ ད་པའི་ PWD (Public Works Department) དང་ RDPR ལས་ཁུངས་གཉིས་སུ་ཆེད་བཅར་གནང་སྟེ ། ཁོང་རྣམས་ནས་ད་བར་མོན་གྷོ་བོད་ མིའི་གཞིས་ཆགས་སུ་འགྲོ་ལམ་དང་ གཞུང་ལམ་སོགས་ཀྱི་ལས་འཆར་སྣ་མང་ སྤེལ་བར་ཐུགས་རྗེ་ཆེ་ཞུས་དང་། མ་ འོངས་ལམ་ཟུར་ཆུའི་ཡུར་བ་བཟོ་རྒྱུ འི་ལས་འཆར་ཡང་དགོངས་བཞེས་གནང་སྐྱོ ང་ཡོང་བའི་རེ་སྐུལ་ཞུས། ཚོུད་ ༤།༠༠ ཐོག་ས་གནས་འགོ་འཛིན་ལས་ཁུངས་སུ་ བོད་ཀྱི་སྙིང་ནད་ཚོགས་པའི་ Tibetan Heart Foundation འགན་འཛིན་བསྟན་འཛིན་ཆོས་ཉིད་ ལགས་དང་མཇལ་འཕྲད་ཀྱིས་ཚོགས་པའི་ ངོ་སྤྲོད་དང་ལས་དོན་བྱེད་ཕྱོགས་ སོགས་ཀྱི་སྐོར་ལ་རྒྱུས་ལོན་གནང་། ཚོུད་ ༤།༣༠ ཐོག་ལས་ཁུངས་སུ་བོད་དོན་རྒྱབ་སྐྱོ ར་ཚོགས་པ་ Indo Tibet Friendship Association དང་ Indo Tibet Friendship Society ཀྱི་ཚོགས་གཙོ་དང་ཚོགས་མི་རྣམས་ དང་མཇལ་འཕྲད་གནང་། ཁོང་རྣམས་ནས་བོད་ནང་གི་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་པོའི་སྐབས་རྒྱ ་གར་ནང་ལས་འགུལ་ཁག་ཏུ་མཉམ་ཞུགས་ གནང་ཡོད་སྐོར་གསུངས་པ་མ་ཟད། མ་འོངས་མུ་མཐུད་བོད་རང་དབང་མ་ཐོ བ་བར་དུ་ལས་འགུལ་ནང་མཉམ་བཞུགས་ བྱེད་ཀྱི་ཡིན་ཞེས་གསུངས་ཏེ། ཁོང་རྣམས་དང་ལྷན་དུ་བཀའ་མོལ་ལྷུ ག་པོར་བྱུང་འདུག
ཕྱི་དྲོ་ཚོུད་ ༦།༣༠ ཐོག་དགའ་ལྡན་བླ་སྤྱིར་མཆོད་མཇལ་གྲུ བ་བསྟུན་དགའ་ལྡན་བླ་སྤྱི་ཚོགས་ ཁང་དུ་དགའ་ལྡན་ཤར་བྱང་དང་། རྙིང་མ་དགོན་པ་བཅས་ཀྱི་དགེ་འདུ ན་འདུས་མང་ཡོངས་ལ་གསུང་བཤད་དང་དྲི ་བ་དྲིས་ལན་གནང་། དེར་སྤྱི་འཐུས་དབང་འདུས་རྡོ་རྗེ ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་མཛད་འཕྲི ན་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ གཏམ་བཤད་གནང།་ སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ནས་བོད་དོན་དང་འབྲེལ་བའི་ རྒྱལ་སྤྱིའི་ཆབ་སྲིད་གྱི་གནས་ བབས་སྐོར་གཏམ་བཤད་གནང་། དེ་རྗེས་དགའ་ལྡན་བླ་སྤྱིས་གོ་སྒྲི ག་གནང་བའི་ཞལ་ལག་ལ་ཕེབས་ཏེ་ས་ གནས་མོན་གྷོ་ཁུལ་གྱི་ས་བགོས་ཕྱོ གས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་ སུ་ལེགས་གྲུབ་བྱུང་།
ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༠ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་དགའ་ལྡན་བྱང་རྩེ་ཏྲེ་ཧོར་ ཁང་ཚན་དུ་མཆོད་མཇལ་བཅར་ཏེ་འབྲ ས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ ཁང་མཚན་ཐོན་ཏེ་མཆོད་མཇལ་ཞུས། དེ་རྗེས་འབྲས་སྤུངས་བློ་གསལ་གླི ང་གི་དཔེ་མཛོད་ལྟ་སྐོར་དང་། ཚོུད་ ༡༠།༠༠ ཐོག་མོན་གྷོ་ནས་ས་གནས་འགོ་འཛིན་ ནས་མོ་ཊ་མཐུན་འགྱུར་གྱིས་གྷོ་བར་ ཐོན་པ་བཅས།།