༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༠ ཉིན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་རྡོར་གླིང་ས་གནས་འགོ་འཛིན་པདྨ་ཚེ་རིང་ལགས་དབུ་བཞུགས་ཐོག་ས་འགོ་ལས་ཚབ་ཚེ་རིང་དགྲ་འདུལ་ལགས་དང་ས་འགོ་ཚབ་གསར་དོན་གྲུབ་བཟང་པོ་ལགས་གཉིས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད།ཕྱི་ཚེས་ ༢༡ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཚུ་ཆོད་ ༡༠ པའི་ཐོག་ནང་སྲིད་ལས་ཁུངས་སྐུ་ཚབ་སྤྲོད་དཔང་རྡོར་གླིང་ས་གནས་འགོ་འཛིན་དབུ་བཞུགས་ཐོག་ས་འགོ་ལས་ཚབ་དང་ས་འགོ་གསར་པ་གཉིས་བར་ཞབས་སྟེགས་བརྗེ་ལེན་གནང་མཚམས་སྒང་ཏོག་ས་གནས་འགོ་འཛིན་ཚོགས་ཁང་དུ་ས་འཐུས་ཚོགས་གཙོའི་སྐུ་ཚབ་དང་། ཚོགས་པ་དྲུག་གི་ཚོགས་གཙོ་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། ས་ཁུལ་མི་འཐུས་དང་སྐྱིད་སྡུག་གཉེར་པ་ཁག་གཅིག་བཅས་ཚང་འཛོམས་ཐོག་ས་གནས་འགོ་འཛིན་གསར་པའི་ངོ་སྤྲོད་དང་ཕེབས་བསུའི་ཚོགས་འདུ་ལེགས་གྲུབ་བྱུང་ཡོད། །
གསར་གནས།
འབྲེལ་གནས།