༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༠༧ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེང་ལོར་ (St. Joseph University) མཐོ་སློབ་ཏུ་ཕེབས་སྐབས་མཐོ་སློབ་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད། མཐོ་སློབ་ཀྱི་འཛིན་སྐྱོང་དང་། སྣེ་འཁྲིད་པ་ལྷན་དུ་སྐར་མ་ ༢༠ ལྷག་ཙམ་ཞིག་ནང་མོལ་ངོ་སྤྲོད་དང་གྲོས་བསྡུར་གནང་། དེ་མ་ཟད་རྒྱ་གར་བྱང་ཕྱོགས་དང་། བོད་རིགས། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་སོགས་ཀྱི་སྒོ་ནས་འཚམས་འདྲི་ལེགས་པར་ཞུས་ཡོད་པ་རེད།
དེ་ནས་མཐོ་སློབ་ཀྱི་ཉེ་བའི་རིགས་བདག Rev. Dr. Victor Lobo SJ མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲིའི་ཕྱག་རྟགས་དང་། མཐོ་སློབ་ཏུ་ཕེབས་པར་དགའ་བསུ་བཅས་ཞུས། དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་མཐོ་སྒང་གི་གོ་ལའི་རང་བཞིན་གྱི་གལ་གནད་དང་། འཕགས་བོད་གཉིས་བར་གྱི་འབྲེལ་བ། བོད་དོན་གནས་ཚུལ་ཙམ་མ་ཡིན་པར་རྒྱ་ནག་གི་བོད་ནང་ལ་སྲིད་ཇུས། རྒྱ་ནག་གི་རྒྱལ་སྤྱིའི་ནང་ལ་བོད་དོན་ཐོག་ཐད་ཇུས་ཇི་བྱེད་ཀྱི་ཡོད་པ། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་གི་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་ཟབ་རྒྱས་གནང་ཡོད། གསུང་བཤད་ལས་རིམ་མཇུག་སྒྲིལ་རྗེས་མཐོ་སློབ་ནས་ཞལ་ཏོག་གི་དུས་ཐུང་ཞིག་གོ་སྒྲིག་ཞུས་ཡོད་པ་བཅས།།