༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྩོམ་པ་པོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་དང་འབྲེལ་ཡོད་ཁག་གཅིག་ནས་བོད་བསྟན་སྲིད་དང་སློབ་གསོར་སྐུ་ཚེ་ཕུལ་བའི་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པའི་མཛད་རྣམ་སྲིད་པ་མགུ་བའི་མཆོད་ཕྲེང་ཞེས་བྱ་བའི་དཔེ་དེབ་དབུ་འབྱེད་མཛད་སྒོར་སྦེལ་ཇམ་གྱི་གྲོང་ཁྱེར་ཧུའི་ (Huis) ས་གནས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༥ ཕྱི་དྲོའི་ཆར་གོ་སྒྲིག་གནང་བར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག རྩོམ་པ་པོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས། གཞན་ཡང་སྤྱི་འཐུས་ཁག་གཅིག་དང་། སྐུ་ཚབ་དོན་གཅོད་རྣམ་པ། འབྲེལ་ཡོད་མི་མང་གང་འཚམས་མཉམ་ཞུགས་དང་། རྩོམ་པ་པོ་ལྡོང་ཕྱིར་གུར་བ་རྒྱལ་ལོ་ལགས་ནས་དེབ་དང་འབྲེལ་བའི་གུང་ཐང་རིན་པོ་ཆེའི་མཛད་རྗེས་ངོ་སྤྲོད་གསུང་བཤད་གནང་།དེ་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་