༄༅། །འདི་གར་བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཞིའི་འགན་འཁུར་འོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་ས་གནས་སྦེལ་ཀོབ་ཏུ་ཁྱིམ་ཐོ་ཞིབ་བཤེར་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད།དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༧ ཉིན་ས་གནས་འགོ་འཛིན་གྱིས་སྤྱི་མི་ཡོངས་ལ་ཁྱིམ་ཐོ་ཞིབ་བཤེར་ལས་བྱེད་དྲུག་ངོ་སྤྲོད་དང་། ཁྱིམ་ཐོ་ཞིབ་བཤེར་ལས་གཞི་དེ་གལ་ཆེན་པོ་ཡིན་ལུགས་སོགས་གསལ་བཤད་ལེགས་པར་ཟིན་མཚམས་ལས་བྱེད་རྣམས་ནས་གྲོང་སྡེ་ནང་དངོས་སུ་ཁྱིམ་ཐོ་ཞིབ་བཤེར་འགོ་འཛུགས་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།