༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པའི་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་གཞིར་བཟུང་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ནས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ས་གནས་བུད་མེད་ལྷན་ཚོགས་དང་། འགྲོ་ཕན་སྨན་རྩིས་ཁང་། སཱ་ར་མཐོ་སློབ། ནོར་གླིང་སློབ་གཉེར་ཁང་། སྙིང་སྟོབས་གླིང་བཅས་སུ་ལས་གཞི་དངོས་སུ་འགོ་བཙུགས་ཡོད།དེ་རྗེས་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་པ་ཁག་དང་། སློབ་གྲྭ དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བཅས་ཀྱི་གྲངས་ཐོ་བསྡུ་རྒྱུ་ཡིན་པ་བཅས།།
གསར་གནས།
འབྲེལ་གནས།