༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཁྱིམ་ཐོ་ཞིབ་བཤེར་བའི་སྦྱོང་བརྡར་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་སྦྱོང་བརྡར་ཉིན་དང་པོ་དང་གཉིས་པའི་ཐོག་མཁས་ལས་པ་རྣམས་ཀྱིས་གཟུགས་མཐོང་གློག་བརྙན་གྱི་སྒོ་ནས་ལས་གཞི་དེ་དང་འབྲེལ་བའི་ཐོག་གསུང་བཤད་དང་། མཉམ་ཞུགས་པ་རྣམས་ལ་ཁྱིམ་ཐོ་ཞིབ་བཤེར་བྱེད་ཚུལ་སྐོར་ངོ་སྤྲོད་གནང་ཡོད།
ཉིན་མཐའ་མའི་སྐབས་མཁས་ལས་པ་སའི་ཀཱཏ་ལགས་དང་། ཤི་ཇིཏ་ལགས་གཉིས་ཀྱིས་ལག་བསྟར་གྱི་ཚོགས་ཐུན་ཞིག་འཚོགས་ཏེ་མཉམ་ཞུགས་རྣམས་ལ་དངོས་སུ་ལག་བསྟར་གནང་རྒྱུའི་སྦྱོང་བརྡར་གནང་ཡོད། དེ་བཞིན་བློ་བཟང་ལགས་དང་། མཁས་ལས་པ་རྣམས་ཀྱིས་ཞིབ་བཤེར་དེ་དང་འབྲེལ་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་གནང་ཡོད།
བློ་བཟང་ལགས་ཀྱི་མཇུག་སྡོམ་གསུང་བཤད་དུ་ཞིབ་བཤེར་རྣམས་ལ་དམངས་དང་ལྷན་གང་ཐུབ་ཀྱི་དངོས་སུ་ཞུགས་དགོས་གལ་དང་། དེ་བཞིན་ས་གནས་འགོ་འཛིན་རྣམས་ནས་ཀྱང་ཁ་འཐོར་མི་མང་དང་སློབ་ཕྲུག་རྣམས་ལ་འབྲེལ་མཐུད་ཀྱིས་ཁྱིམ་ཐོ་ཞིབ་བཤེར་གྱི་ལས་གཞི་འདིར་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད།
སྦྱོང་བརྡར་དེར་ལྡི་ལི་དང་། བོན་གཞིས། སྡེ་ར་ལྡུན། ཀམ་རའོ། པུ་རུ་ཝ་ལ། ས་ཏོན། ཧར་པ་པུར། སྤོན་ཊ་ཆོལ་གསུམ་བཅས་ཀྱི་མི་འབོར་ཞིབ་བཤེར་ལས་བྱེད་དང་། དང་བླངས་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།