༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྲུབ་རྗེས་ཨེམ་སི་ཊར་ཌེམ་དུ་ཕེབས་འབྱོར་གནང་ཡོད་པ་རེད།
ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇི་ནི་ཝར་ཡོད་པའི་སྦར་ཛིལ་ (UOL) ཞེས་པའི་གསར་ཁང་གི་གསར་འགོད་པ་ཇ་མིལ་ (Jamil Chade) ལགས་ཀྱི་བཅར་འདྲི་དང་ལེན་གནང་རྗེས་སྦེལ་ཇམ་སྐུ་ཚབ་དོན་ཁང་དང་། ནི་དར་ལེནྜ་བོད་དོན་རྒྱབ་སྐྱོར་ཚོགས་པ། ནི་དར་ལེནྜ་བོད་རིགས་ལྷན་ཚོགས་བཅས་ཀྱིས་གོ་སྒྲིག་ཞུས་པའི་གུང་ཚིགས་ཚོགས་འདུར་ཕེབས་ཞུགས་གནང་ཡོད། སྐབས་དེར་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་ ༡༦ ཕེབས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་བཅས། །