༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༥ ཉིན་གྱི་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་ཚབ་གསར་བློ་གྲོས་བཟང་པོ་ལགས་ཀྱིས་ས་གནས་ཉེན་རྟོགས་ཁང་གི་ (SHO) པྲ་ཏབ་རའུ་བྷོ་ས་ལི་ (Pratap Rao Bhosale)ལགས་དང་། གྷོ་ཊན་གའུ་ཤིང་ནགས་ལས་ཁུངས་ཀྱི་སྤྱི་ཁྱབ་བ་རུན་པ་ཝར་ (Varun Pawar)ལགས། རྫོང་སྡེ་ཆུང་བའི་སྤྱི་ཁྱབ་(SDM)བ་རུན་ཀུ་མཱར་ས་ཧ་རེ་ (Varunkumar Sahare)ལགས། ཁྲལ་བསྡུ་ལས་ཁུངས་ཀྱི་འབྲེལ་ལས་ཨ་ནི་རུ་ད་ཀམ་བྷལ་ (Aniruddha Kamble)ལགས། ཞིང་ཆུ་འདྲེན་ལས་ཀྱི་དཔོན་པོ་ཡོ་གེཤ་ཤེན་དྲེ་ལགས་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་གནས་ཡོད་དཔོན་རིགས་རྣམས་ལ་ས་འགོ་གསར་པ་ངོས་ནས་ངོ་སྤྲོད་དང་འབྲེལ་ས་གནས་ཀྱི་བདེ་སྡུག་ཞུས་པར་ས་གནས་ཀྱི་དཔོན་རིགས་ཁང་ནས་མཐུན་རྐྱེན་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད། དེ་ནས་ཉིན་རྒྱབ་ཕྱག་ཚོད་ ༢།༠༠ པའི་ཐོག་ས་གནས་ཉིན་སློབ་ཀྱི་དགེ་ཆེ་དང་སློབ་གྲྭ། ས་གནས་ཡན་ལག་འཕྲོད་བསྟེན་སྨན་ཁང་། ས་གནས་འགྲོ་ཕན་སྨན་རྩིས་ཁང་། དེ་བཞིན་ས་གནས་རྒས་གསོ་ཁང་བཅས་ལ་མཚམས་གཟིགས་ཕེབས་སུ་ཕེབས་ཡོད་པ་བཅས།།