༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༡༧ ནས་ ༡༨ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་དྲྭ་ཐོག་ནས་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་ཇི་སོང་ངོ་སྤྲོད་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་དྲྭ་ཐོག་ཚོགས་འདུའི་ཐོག་ས་གནས་འགོ་འཛིན་རྣམ་པ་དང་། འཕྲོད་བསྟེན་སྨན་ཁང་ཁག་གི་དྲུང་ཆེ་ཐེ་བའི་ལས་བྱེད་རྣམ་པ་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ནས་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་སོང་བ་རྣམས་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། དེའི་རྗེས་ཚོགས་བཅར་བ་རྣམས་ཀྱི་དོགས་དྲི་ཇི་ཡོད་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།