༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༩ དང་ ༣༠ ཉིན་སྒང་ཏོག་ས་གནས་འགོ་འཛིན་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་སྟེ་ཚབ་གསར་ས་འགོ་ཚེ་རིང་དགྲ་འདུལ་ལགས་ཀྱིས་ས་གནས་འགོ་འཛིན་གྱི་ལས་ཁུར་དབུ་འཛུགས་ཞུས་ཡོད།
དེ་ཡང་ས་གནས་འགོ་འཛིན་གྱི་རྩིས་སྤྲོད་རྩིས་ལེན་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། ས་གནས་ཀྱི་ཚོགས་པ་ཁག་དྲུག་གི་སྐུ་ཚབ་མཉམ་ཞུགས་གནང་ཡོད་ཅིང་། ཉིན་མཐའ་ལས་ཁྱུར་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་དང་། ཚབ་གསར་ས་འགོ་ཚེ་རིང་དགྲ་འདུལ་ལགས་གཉིས་ནས་མང་ཚོགས་ལ་གསུང་བཤད་དང་། ས་གནས་མི་མང་ནས་ས་འགོ་གསར་རྙིང་གཉིས་ལ་མཇལ་དར་སྒྲོལ་ཏེ་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།