དེ་ཡང་ས་གནས་འགོ་འཛིན་ཚེ་དབང་དབྱངས་
མན་སྤར་ས་གནས་འགོ་འཛིན་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཞུས་པ།
༄༅། །འདི་གར་མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ལས་ཁུངས་ ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༥ ཉིན་མན་སྤར་ཕན་བདེ་གླིང་གི་ས་གནས་འགོ་འཛིན་དང་། ས་འཐུས་ཆོགས་གཙོ། ལས་དྲུང་། མཉམ་འབྲེལ་དྲུང་ཆེ་ བཅས་ནས་ཅཱ་ཏིས་གཱར་མངའ་སྡེའི་སྤྱི་ཁྱབ་བློ ན་ཆེན་གསར་པ་བིཤ་ནུ་ད྄ེབ་སཱཨི། (Shri.Vishnu Dev Sai) མཆོག་དང་མཇལ་འཕྲད་ཞུ་ཡོད།
གཞན་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༤ ཉིན་ཅཱ་ཏིས་གཱར་མངའ་སྡེའི་གྲོས་ཚོགས་འཐུས་མི་གསར་ པ་རཱམ་ཀུ་མཱར་ཏོབ་པོ་ (Ram kumar Toppo) ལགས་ས་གནས་སུ་འཚམས་གཟིགས་ཕེ བས་པར་ས་གནས་ལས་ཁུངས་དང་གཞིས་ མི་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུ ས་ཡོད། དེ་བཞིན་ཁོང་གིས་ བོད་མི་རྣམས་དང་མཇལ་འཕྲད་གནང་སྟེ ་གཞིས་ཆགས་ལ་གང་ཐུབ་ཅི་ཐུབ་ཀྱིས་རོ གས་རམ་གནང་རྒྱུའི་གསུང་བཤད་བཀའ་ དྲིན་སྩལ་བ་དང་སྦྲགས། ས་གནས་འགོ་འཛིན་གྱིས་འདི་གཞི ས་ཀྱི་བདེ་སྡུག་སོགས་སྙན་སེང་ཞུ ས་ཡོད།།
གསར་གནས།
འབྲེལ་གནས།