

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ སྟེང་རྒྱ་གར་གློག་བརྙན་ཁྲོམ་རྭ་ ཞིབ་འཇུག་པ་སྐུ་ཞབས་གྷི་རིཤ་ ཝང་ཁེད་ (Girish Wankhede) མཆོག་གིས་གློག་བརྙན་དང་གླུ་གཞས་ ལས་རིགས་ཀྱི་མི་སྣ་འགའ་དང་ལྷན་ བགྲོ་གླེང་ཞིག་གོ་སྒྲིག་གནང་བ་ ལྟར། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་ གིས་རྒྱ་གར་དང་བོད་བར་གྱི་ནང་ཆོ ས་འབྲེལ་བ་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་ བཀྲ་ཤིས་མཆོག་གིས་འཕགས་བོད་བར་ གྱི་ས་མཚམས་འབྲེལ་བ། དེ་བཞིན་སྤྱི་འཐུས་ཚེ་རིང་དབྱ ངས་ཅན་མཆོག་གིས་བོད་མི་བཙན་བྱོ ལ་བ་དང་རྒྱ་གར་གཞུང་མང་བར་གྱི་ འབྲེལ་བ་བཅས་ཀྱི་སྐོར་ལ་གཏམ་ བཤད་དང་དྲི་བ་དྲིས་ལན་གནང་ཡོད་ འདུག


ཕྱི་ཚེས་ ༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་མཱ་ཧ་ར་ཤི་ཊྲ་མངའ་སྡེའི་སྲི ད་སྐྱོང་སྐུ་ཞབས་ (Ramesh Bais) མཆོག་ལ་མཇལ་འཕྲད་ཞུས་ཏེ། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི ་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟ་རྒྱ ་ནག་གི་བཙན་གནོན་འོག་ཚུད་པའི་རྒྱ ལ་ཁབ་ཅིག་ཡིན་པ། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ ངོས་འཛིན་བྱས་ཚེ་བོད་རྒྱའི་དཀའ་ རྙོག་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ ར་འགོག་རྐྱེན་ཆགས་ཀྱི་ཡོད་པ། རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་ སྐུ་ཚབ་གྲོས་མོལ་བརྒྱུད་བོད་རྒྱ འི་དཀའ་རྙོག་དབུ་མའི་ལམ་གྱི་སྲི ད་བྱུས་བརྒྱུད་སེལ་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་དང་རྒྱུ ག་ཆུ་སོགས་རྒྱ་གར་དང་ལྷོ་ཨེ་ཤ་ ཡའི་རྒྱལ་ཁབ་དང་མི་མང་དུང་ཕྱིར་ མང་པོའི་འཚོ་རྟེན་ཆགས་ཡོད་སྟབས་ རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུ ག་གཏོར་བཅོམ་མཚམས་འཇོག་དགོས་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་ གསར་འགོད་པ་དང་ཉམས་ཞིབ་པ་སོགས་ ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ བོད་ནང་རྟོག་ཞིབ་ཏུ་སྐྱོད་དགོས་ པ། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུ ན་ཆོས་ཀྱི་ཉི་མ་གཙོས་བོད་པའི་ ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ གཏོང་དགོས་པ་སོགས་ཀྱི་དོན་ཚན་ ༡༠ འཁོད་པའི་ཡིག་ཆ་ཁག་ཕུལ་ཏེ་ཞུ་ གཏུག་ཞུ་སྐབས། སྲིད་སྐྱོང་མཆོག་གིས་དེ་སྔ་རྒྱ་ གར་སྲིད་བློན་ (Atal Bihari Vajpayee) སྐབས་ཁོང་རྡ་རམ་ས་ལར་༸གོང་ས་མཆོ ག་ལ་མཇལ་ཁར་བཅར་ཏེ། སྐབས་དེར་༸གོང་ས་མཆོག་གིས་བཀའ་ ག་རེ་གནང་བ་ཚང་མ་སྲིད་བློན་མཆོ ག་ལ་སྙན་སེང་ཞུས་ཟིན་པ་ལྟར། ཐེངས་འདིར་ཡང་ཁྱེད་ཅག་གིས་གསུ ངས་པའི་གནད་དོན་ཚང་མ་སྲིད་བློན་ ན་རཱན་ཌིར་མུ་དྷེ་ (Narendra Modi) མཆོག་གི་སྙན་ལ་འཁྱོལ་ཐུབ་པ་བྱ་ ངེས་ཡིན་ཞེས་ཞལ་བཞེས་གནང་ཡོད་ འདུག
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༧།༠༥ སྟེང་སྤྱི་འཐུས་རྣམ་པ་མུམ་བྷེ་ ནས་མཁའ་ལམ་བརྒྱུད་རྒྱ་གར་མངའ་སྡེ ་ཏེ་ལིང་གྷ་ན་ (Telangana) ཡི་རྒྱལ་ས་ཧེ་ཌར་བྷ་ཌི་ (Hyderabad) ལ་བསྐྱོད་ཡོད་འདུག་པ་བཅས།།