༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༢ ཉིན་རྒྱབ་ནས་ཟླ་བ་ ༠༢ ཚེས་ ༡༨ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེསྚོ་ནི་ཡཱ་དང་། ཕིན་ལེནྜ། ལཱཏ་ཝི་ཡཱ། ལི་ཐུ་ནི་ཡཱ། དེ་བཞིན་ཨིན་ཡུལ་དུ་ཝར་ཝིག་གཙུག་ལག་སློབ་ཁང་དུ་ཝར་ཝིག་དཔལ་འབྱོར་ལྷན་ཚོགས་སུ་གསུང་བཤད་གནང་རྒྱུ། དེ་རྗེས་སྦར་སིལ་དུ་རང་རིགས་མང་ཚོགས་མཇལ་འཕྲད་གནང་རྒྱུ་དང་། རྒྱ་གར་དུ་ཕྱིར་ཕེབས་རྗེས་ལྷོ་ཁུལ་བྷེང་ལོར་དུ་གནད་ཡོད་མི་སྣ་མཇལ་འཕྲད་དང་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་རྒྱུ། ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་ཕེབས་ཞུགས་དང་འབྲེལ་འཚམས་གཟིགས་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།