༄༅། །འདི་གར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི ས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡༠ རེས་གཟའ་ལྷག་པ་༧རྒྱལ་བའི་སྐུའི་ལྷག་ དཀར་ཉིན་སིཌ་ནིར་ལྷག་དཀར་སྒོར་ གཞས་ཀྱི་དབུ་འབྱེད་མཛད་སྒོ་ཞི ག་ཚོགས་གནང་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་ བོར་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ ལྷ་དབང་རྒྱལ་པོ་ལགས་ཆེད་ཕེབས་ གནང་ཡོད། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ ་བོ་ནས་སྣང་གསལ་ཞལ་ཕྱི་གྲུབ་རྗེས་བཀྲ་ཤིས་པའི་སྨོན་ཚིག་ དང་། ༧རྒྱལ་བའི་ཞབས་བརྟན། ཚད་མེད་ཡོན་ཏན་བཅས་འུར་འདོན་ གནང་གྲུབ་རྗེས་སིཌ་ནི་བོད་རིགས་ མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོ ས་འཛིན་ལགས་ཀྱིས་ལྷག་དཀར་སྒོར་ གཞས་ཀྱི་བྱུང་རིམ་དང་། མ་འོངས་ པར་ལས་འཆར་དེ་ས་གནས་སུ་རྒྱུན་སྐྱོ ང་གནང་ཕྱོགས་སོགས་སྐོར་གསུང་བཤད་ གནང་།
དེ་རྗེས་ལྷག་དཀར་སྒོར་གཞས་ཀྱི་ ལས་དོན་ཐོག་དང་བླངས་འགན་ཁུར་རྐ ང་བཞེས་མཁན་རྡོ་རྗེ་ལགས་དང་། བྱམས་པ་ཆོས་འཕེལ་ལགས་རྣམ་གཉིས་ ལ་ལེགས་གསོལ་བསྔགས་བརྗོད་ཀྱི་ མཇལ་དར་ཕུལ། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཚབ་ དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་ པོ་ལགས་ནས་ལྷག་དཀར་སྲུང་བརྩི་ དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་ གཞུང་འཁྲབ་སྟོན་འདི་བརྒྱུད་ནས་ བོད་ཀྱི་ཆོས་དང་རིག་གཞུང་མི་ ཉམས་རྒྱུན་འཛིན་བྱ་རྒྱུར་ཕན་ཐོག ས་ཡོད་པ་སོགས་ཀྱི་གསུང་བཤད་གནང་། གཞན་ཡང་ཁོང་གིས་སྐབས་དེར་མང་ཚོགས་ལ་ད པྱ་དངུལ་ལག་དེབ་ཀྱི་གལ་ཆེའི་རང་ བཞིན་དང། དཔྱ་དངུལ་དུས་ཐོག་འབུལ་ཐབས་ གནང་གལ་སོགས་ཀྱི་སྐོར་ལའང་ལམ་སྟོ ན་གནང་ཡོད། དེ་ཉིན་སིཌ་ནིར་གནས་འཁོད་བོད་མི ་ ༢༠༠ ཙམ་ནས་ལྷག་དཀར་སྒོར་གཞས་ལ་མཉམ་ཞུ གས་གནང་ཡོད་བ་བཅས། །