༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༠ ཉིན་ཏེ་རེས་གཟའ་ལྷག་པའི་ཉིན་མོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་ཝིན་དར་སིངྒ་སུ་ཁུ་ (Sukhvinder Singh Sukhu) མཆོག་མངའ་སྡེ་གྲོས་ཚོགས་ཀྱི་དགུན་དུས་ཚོགས་ཐུན་ཆེད་དྷ་སར་ཕེབས་པ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་སྣེ་འཁྲིད་འོག དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་། དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། དེ་བཞིན་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཨར་བཟོའི་སློབ་སྟོན་པ་ཨ་མར་དཱིཔ་ལགས་བཅས་དྷ་སར་མངའ་གཞུང་གི་གྲོས་ཚོགས་ལྷན་ཁང་དུ་ཆེད་བཅར་གྱིས་ཉེ་ཆར་ཧི་མཱ་ཅལ་མངའ་ཁོངས་སུ་ཆར་ཞོད་ཀྱིས་རྐྱེན་པས་གོད་ཆག་ཤུགས་ཆེ་བྱུང་རྐྱེན་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཕོག་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ནས་ཉིན་གཅིག་གི་ཕོགས་འབབ་བསྡུ་འབུལ་ཞུས་པ་ཧིན་སྒོར་བསྡོམས་ ༡༡,༥༣,༨༠༧།༢༨ ཐམ་པའི་ཅེག་འཛིན་རྩིས་འབུལ་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེ་གཞུང་ནས་བོད་མིར་མཐུན་འགྱུར་གང་འོས་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཐུབ་པ་བྱུང་ཡོད། །
གསར་གནས།
འབྲེལ་གནས།