༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱ་ཡིག་གད་གཅིག་གཏན་འཇགས་གཞུང་བསྐོས་ལས་བྱེད་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༩ ཕྱི་དྲོ་ཕྱག་ཚོད་ ༤ པ་འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འགེངས་འབུལ་ཞུ་དགོས།
འདེམས་སྒྲུག་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཉུང་མཐར་འཛིན་རིམ་བརྒྱད་པ་ཐོན་པའི་ལག་འཁྱེར་ཡོད་པ་དགོས།
༢༽ ལོ་ཚད། ཕྱི་ལོ་ ༢༠༢༤།༡།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། ངག་རྒྱུགས་ལེན་རྒྱུ།
༤༽ རྒྱུགས་འཕྲོད་པར། ཉུང་མཐའི་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས།
༥༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་ཕྱི་ལོ་ ༢༠༢༣།༣།༣༡ བར་ གཙང་ཕུལ་ཟིན་པའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༩༽ ཚོགས་སྐྱིད་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར་ངེས་པར་དགོས།འཚང་སྙན་འབུལ་མཁན་རྣམས་ནས་དྲྭ་ཐོག་བརྒྱུད་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༩ ནང་ཚུན་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ལ།།
འགེངས་ཤོག་དྲྭ་མཐུད། (Online application link) https://forms.gle/A462HaRavCir4x4RA
Contact address:
Public Service Commission,
Central Tibetan Administration,
Gangchen kyishong,
Dharamsala-176215 (HP)
Email: [email protected]