༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན་། གཞོན་དྲུང་ས་སྟོང་ ༡༡ གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༩ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འབུལ་འགེངས་འབུལ་ཞུ་དགོས།
ཀ༽ གཞོན་དྲུང་ས་མིག་ ༡༡ ཐོག་ལས་བྱེད་འདེམས་སྒྲུག་གི་རྒྱུགས་ལེན་ཆ་རྐྱེན་དགོས་པ་གཤམ་གསལ།
༡༽ ཤེས་ཚད། ཤེས་ཚད་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་ འདེམས་བསྐོ་ལྷན་ཁང་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་ངེས་པར་དགོས།
༣༽ ལོ་ཚད། ཕྱི་ལོ་ ༢༠༢༤།༡།༡༩ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
༤) རྒྱུགས་གཞི། བོད་ཨིན་གཉིས་ཀྱི་སྐད་ཡིག་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
༤༽ ཡིག་རྒྱུགས་འཕྲོད་པར། རྒྱུགས་གཞི་བོད་ཨིན་གཉིས་སོ་སོར་ཉུང་མཐའི་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས།
གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་གཤམ་གསལ་ཡིག་ཆ་ཁག་ངེས་པར་འབུལ་དགོས།
༥༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཉཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
འཚང་སྙན་འབུལ་མཁན་རྣམས་ནས་ (tibet.net) འམ་ (dhemkolhenkhang.net) དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༩ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༡༢ ཚེས་ ༢༠ ལ།།
འགེངས་ཤོག་དྲྭ་མཐུད། ༼ ONLINE APPLICATION FORM ༽ https://forms.gle/Ko7eci3E9zfMVyh77
Contact address & email :
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]