༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བློ་བཟང་སྒྲོལ་དཀར་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ ༡༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ
དེ་ཡང་གོང་ཚེས་ཉིནན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོ
ངོས་ལ་མཚོན་ན་མངོན་པའི་ང་རྒྱལ་ཡིན་སྲིད་ཀྱང་། ཚེ་འདི་ལ་ཚོགས་ལམ་ཐོབ་ཡོད། སྦྱོར་ལམ་དང་ས་དང་པོ། ས་གཉིས་པ་སོགས་ས་དགའ་རབ་བགྲོད་ཐུབ་པ་ཞིག་ལ་རེ་བ་རྒྱག་གི་ཡོད། ཁ་ཡོད་ལག་ཡོད་རེད། སངས་རྒྱས་པའི་ཆོས་ནི་སེམས་ལ་བཟོ་བཅོས་བརྒྱབ་ནས་འགྲོ་དགོས་པ་མ་གཏོགས་སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་བ་གཅིག་པུས་འགྲིག་གི་མི་འདུག གཞི་རྐང་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཧ་ཅང་ཡག་པོ་རེད། ཡིན་ནའང་། རྒྱུ་མཚན་ཡང་དག་པ་ང་ཚོའི་བློ་རང་ག་བ་དང་སྦྲེལ་ཡོང་སྐབས་འདི་མ་རེད་ཟེར་རྒྱུ་མི་འདུག་ཅེས་བློ་ལ་འཆར་ཡོང་། མདོ་དོན་སྙིང་པོ་དུག་གསུམ་གྱི་ཉོན་མོངས་ཇེ་ཉུང་དུ་གཏོང་ཐུབ་པ་ཞིག་དང་། མཐར་ཉོན་མོངས་པའི་བག་ཆགས་ཤེས་སྒྲིབ་རིམ་པས་མེད་པ་བཟོ་ཐུབ་པ་ཞིག་སྟོོན་པ་བཀའ་དྲིན་ཅན་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་འདིར་མཛད་པ་མཛད་ནས་ང་ཚོ་གདུལ་བྱ་ལ་ཟབ་པ་དང་རྒྱ་ཆེ་བའི་ལམ་གསུངས་པ་ཧ་ཅང་སྤུས་དག་པོ་རེད།
དེ་ནས་ངོས་རང་ལ་མཚོན་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་སྐོར་ལ་ལོ་མང་རིང་སློབ་སྦྱོང་དང་སྒོམ་པའི་མི་ཞིག་ཆགས་ཀྱི་ཡོད། དེ་ལྟ་བུའི་མི་དེ་རིང་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་ཁྱད་པར་ཅན་འདིར་ཟབ་པ་དང་རྒྱ་ཆེ་བའི་བཅོམ་ལྡན་འདས་ཀྱི་གསུང་གི་སྐོར་ལ་རྗེས་ཟློས་བྱེད་རྒྱུ་བྱུང་བ་ཧ་ཅང་སྐལ་བ་བཟང་པོ་ཡིན། འཛམ་གླིང་འདིར་སྤྱིར་སེམས་ཅན་ཐམས་ཅད། ཡང་སྒོས་མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་རེད། ཡིན་ནའང་། སྡུག་བསྔལ་དང་བདེ་བའི་རྒྱུ་རྩད་བཅད་ནས་བསམ་བློ་གཏོང་རྒྱུ་ཉུང་ཉུང་ཆགས་འདུག དཔེར་ན། ང་ཚོ་ནང་པ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སྨོན་ལམ་བཏབ་ཚེ་ང་ཚོའི་སྡུག་བསྔལ་སེལ་བ་དང་། བདེ་བ་སྒྲུབ་པ་བཅོམ་ལྡན་འདས་ལ་གནང་རྒྱུ་ཡོད་པ་ལྟ་བུ་མ་རེད།
བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་ང་ཚོས་ལག་ལེན་བཀལ་ནས་སེམས་མ་དུལ་བ་བཏུལ་བར་བྱས། མ་ཞི་བ་ཞི་བར་བྱས་ཏེ། བདག་ཉིད་བདག་གི་མགོན་གསུངས་པ་ལྟར་བསམ་བློ་བཏང་ཡོང་སྐབས། ངོས་རང་གི་ཉམས་མྱོང་ཐོག་ནས་སེམས་ལ་ཆགས་སྡང་སྐྱེས་རྒྱུ་ཕལ་ཆེར་མེད་པ་ངོས་ལ་ཉམས་མྱོང་ཡོང་གི་ཡོད། བོད་ལ་ཆ་མཚོན་ན་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད། དཀའ་ངལ་སྤྲོད་མཁན་ལ་སྙིང་རྗེ་སྐྱེས་པ་མ་གཏོགས་ཁོང་ཁྲོ་ཁྱོན་ནས་ལང་གི་མི་འདུག དེ་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱས་སེམས་ལ་འགུལ་སྐྱོད་ཐེབས་པ་རེད། དེར་བརྟེན་ཆོས་གྲོགས་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སློབ་སྦྱོང་བྱས་ཏེ་རྒྱུད་ཐོག་ལ་བཀལ་བ་ཡིན་ན་དངོས་གནས་སེམས་ཀྱི་ཞི་བདེ་ཡོང་ཐུབ་པ་ཞིག་དང་། དེ་ལ་བརྟེན་ནས་ཚེ་རབས་ནས་ཚེ་རབས་སུ་སེམས་རྒྱུད་དུལ་བོ་ཞིག་འགྲོ་ཐུབ་པ་དང་། མཐར། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། གསུངས་པ་ལྟར་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ། བཅོམ་ལྡན་འདས་ཁོང་གིས་མངོན་དུ་མཛད་པའི་གོ་འཕང་དམ་པ་དེ་ལྟ་བུ་ཞིག་ང་ཚོར་ཐོབ་ཐུབ་པ་ལ་ཚོད་དཔག་བྱེད་ཐུབ་ཀྱི་འདུག དེ་ཚང་མས་དགོངས་པར་བཅངས་རོགས། བཀྲ་ཤིས་བདེ་ལེགས། །