༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕིན་ལེནྚ་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Finnish-Tibet Committee) གསར་འཛུགས་གནང་མཁན་ལྕམ་སྐུ་ཨེར་ཇ་ཝ་རི་སི་ལགས་དང་མཇལ་འཕྲད་གནང་ཡོད།
ལྕམ་སྐུ་ཨེར་ཇ་ལགས་ནི་བོད་དོན་སྤྱི་དང་ཡང་སྒོས་བཙན་བྱོལ་བོད་མིའི་སློབ་ཕྲུག་གི་ཤེས་ཡོན་ཐོག་རྒྱབ་སྐྱོར་ཡུན་རིང་གནང་མཁན་གྱི་བོད་ཀྱི་གྲོགས་མོ་ཞིག་ཡིན་པ་བཅས།།