༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༠ ཉིན་ལྷོ་ཀོ་རི་ཡ་བོད་རི གས་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེ ངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༣༤ འཁོར་བའི་དུས་ཆེན་སྲུང་བརྩིའི་ ཆེད་དུ། རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་བགྲོ ་གླེང་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཨུལ་སན་ཅང་ཐོ་མ་ཨལ་ཞེས་པའི་ཚོགས་པའི་ཚོམས་ ཆེན་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེ ངས་རྟགས་འབུལ་བཞེས་མཛད་པར་དགའ་བསུའི་འཚམས་འདྲི ་དང་། མི་མང་གིས་འཛམ་གླིང་ཞི་བདེའི་ཆེད་དུ་ཞབས་འདེགས་དང་དྲན་སྐུལ་གཏོང་སླད་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་བགྲོ ་གླེང་ཐེངས་གཉིས་པ་གོ་སྒྲིག་གནང་ཡོད།
རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་བགྲོ ་གླེང་ཐེངས་གཉིས་པའི་ཐོག་ལྷོ་ཀོ་རི་ཡར་བཅའ་སྡོད་བོད་རི གས་དང་། ཀོ་རི་ཡན། མན་ཇུ་བ། ཡུ་ཀུར་བ། ཆོས་བྱེད་མི་སྣ། མཁས་པ་སོགས་མི་གྲངས་བརྒྱ་ལྷག་ མཉམ་ཞུགས་ཀྱི་ཐོག་མར་ལྷོ་ཀོ་རི་ཡ་བོད་རིགས་ཚོགས་གཙོ་ དགེ་བཤེས་བསྟན་འཛིན་བཟང་པོ་ལགས་དང་། རྭ་སྟོད་མཁན་པོ་དགེ་བཤེས་བསོད་ ནམས་རྒྱལ་མཚན་ལགས། ཆོས་དགོན་པའི་སློབ་དཔོན་ཟུར་པ་ དགེ་སློང་མུ་ཨེ་ལགས། ཧག་ནིམ་ས་དགོན་བདག་དགེ་སློང་མ་ སུན་ཧྭན་ལགས། ཕན་བདེ་གླིང་ཆོས་ཚོགས་ཀྱི་ཚོགས་ གཙོ་དགེ་བཤེས་བཀྲ་ཤིས་རབ་བརྟན་ལགས། ཅང་ཐོ་མ་ཨལ་སྤྱི་ཁྱབ་དབུ་འཛིན་ དགེ་སློང་མ་ནི་ཧིང་ལགས། དགེ་སློང་ཧེ་ཕི་ལགས། ཆོས་དགོན་པའི་དགེ་འདུན་པ་ལ་སོ གས་ཆོས་བྱེད་མི་སྣ་དང་། བོད་རིགས་སྐྱེས་དངོས་ལག་རྩལ་བ་ དང་འབུམ་རམས་པ་བསྟན་འཛིན་ཆོས་སྒྲོ ན་ལགས། སྐྱེས་དངོས་ཚན་རིག་ཆེད་སྦྱོང་བ་ འབུམ་རམས་པ་བསྟན་འཛིན་ཚེ་བརྟན་ལགས། ནང་པའི་ལྟ་གྲུབ་སྨྲ་བ་འབུམ་རམས་ པ་དགེ་བཤེས་བསོད་ནམས་ཆོས་འཕེལ་ལགས། སེམས་ཁམས་རིག་པའི་དགེ་རྒན་ཆེན་ མོ་ཀིམ་ཀྱང་ཨིལ་ལགས་རྣམས་ཀྱིས་འཚམ་ འདྲིའི་གསུང་བཤད་གནང་། གཞན་ཡང་མཛད་སྒོའི་ཐོག་མན་ཇུ་དང་། ཡུ་གུར་སྤྱིན་མཐུན་ཚོགས་པའི་ཚོ གས་གཙོ་སྐུ་ཚབ་སོགས་ཚོགས་ཞུགས་གནང་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཟླ་བ་ ༡༡ ཚེས་ ༢༤ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་ཆེན་དང་སྦྲགས་འཚམས་འདྲིའི་གསུང་འཕྲིན་གནང་བའི་ནང་ “ང་ཚོ་ཚང་མ་གཅིག་པ་ཡིན་པས། ཐོབ་ཐང་འདྲ་མཉམ་དགོས་གལ་ཆེ།” “འཚེ་བ་མེད་པ། བྱམས་བརྩེའི་སེམས་ལ་བརྟེན་ནས་མི འི་རིགས་ཀྱིས་དཀའ་ངལ་ལ་གདོང་ལེན་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད།” ཅེས་བཀའ་སྩལ་ཡོད་པ་དང་། གསུང་འཕྲིན་དེ་ཉིད་ཚོགས་བཅར་བ་རྣམས་ལ་སྒྲོག་སྦྱངས་གནང་ཡོད་པ་རེད།
ཐེངས་འདིའི་ཞི་བདེའི་བགྲོ་གླེང་ཆེད་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབད་རྒྱལ་པོ་ལགས་ཀྱིས་སྒྲ་འཇུག་གསུང་འཕྲིན་ཞིག་གནང་ཡོད་པ་དང་། དེའི་ནང་སྐུ་ཚབ་དོན་གཅོད་ནས། བོད་དང་ཀོ་ རི་ཡ་རྣམ་པ་ཚོ། ང་ཚོ་མཉམ་དུ་འཛམ་གླིང་ཞི་བདེ་ཡོ ང་བར་བསྐུར་འདེད་གཏོང་ཐུབ་པའི་ ཕྱོགས་སུ་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས། རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་བགྲོ ་གླེང་ཐེངས་གཉིས་པའི་གླེང་མོལ་བ་རྣམས་ནི་བསྟན་འཛིན་ཆོས་སྒྲོ ན་ལགས་དང་། དགེ་བཤེས་བསོད་ནམས་ཆོས་འཕེལ་ལགས། བསྟན་འཛིན་ཚེ་བརྟན་ལགས་ཡིན་ཞིང་། ཁོང་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་རྣམས་རིམ་བཞིན་ངོ་སྤྲོད་གནང་ཡོད།
ཉིན་རྒྱབ་ཚོགས་བཅར་བ་རྣམས་ནས་འཛམ་གླིང་ཞི་བདེ་དང་དང་འབྲེལ་བའི་འཕྲིན་ཐུང་དང་། རི་མོའི་སྒྱུ་རྩལ་གྱི་ལམ་ནས་དུས་ཆེན་སྲུང་བརྩི་ཞུས་པ་དང་། དེ་གྲུབ་མཚམས་མཛད་སྒོ་གྲ་སྒྲིག་གནང་རོགས་དང་བླངས་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་སྒྲོན་ཡོད། མཐར་ལྷོ་ཀོ་རི་བོད་རིགས་ཚོགས་ པའི་རྒྱུན་ལས་དགེ་བཤེས་བསོད་ ནམས་འགྱུར་མེད་ལགས་ཀྱིས་ཚོགས་ཞུགས་ པ་ཡོངས་ལ་ཐུགས་རྗེ་ཆེའི་གསུང་ བཤད་གནང་ནས་མཛད་སྒོ་རྒྱལ་ཁའི་ ངང་གྲོལ་ཡོད་པ་བཅས།།