༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུ ལ་ཁྲིམས་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་ སྒྲོལ་དཀར་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ ཆེན་རྒྱལ་མཚན་ལགས་བཅས་ལས་གྲུབ་ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུ ང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བོ ད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ ལྟར། བོད་མི་མང་སྤྱི་འཐུས་རྣམ་པས་ཕྱི ་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༦ ཉིན་གུང་རྒྱ་གར་ (AAP) སྲིད་དོན་ཚོགས་པའི་ཁོངས་ནས་ཡིན་ པའི་དབུས་གྲོས་ཚོགས་གོང་མའི་འཐུ ས་མི་སྐུ་ཞབས་སུ་ཤིལ་ཀུ་མར་གུབ་ཏ་ (Shri. Sushil Kumar Gupta, MP Rajya Sabha) མཆོག་དང་། རྒྱ་གར་དབུས་གྲོས་ཚོགས་འོག་མའི་ འབྲས་ལྗོངས་ཁོངས་ཀྱི་འཐུས་མི་སྐུ ་ཞབས་ཨིནྡྲ་ཧཱངྒ་སུ་བྷ་ (Shri. Indra Hang Subba, SKM MP Lok Sabha) མཆོག ཉིན་རྒྱབ་རྒྱ་གར་ཨིན་སི་པི་སྲིད་དོན་ཚོགས་པའི་རྒྱལ་ཡོ ངས་དྲུང་ཆེ་སྐུ་ཞབས་ཨེ་སི་ཨར་ཀོ་ཧ་ལི་ (Shri S. R. Kohli National General Secretary, NCP Administration) མཆོག ཕྱི་དྲོ་རྒྱ་གར་དབུས་གཞུང་འཛིན་ ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་ པ་དང་། རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ཚོགས་པའི་རྒྱུན་ལས་འབུམ་ རམས་པ་རམ་མཱ་དེབ་ (Dr. Ram Madhav, RSS National Executive Member) མཆོག་བཅས་དང་ལྷན་རིམ་པའ་མཇལ་འཕྲ ད་གནང་ཡོད་འདུག
མཇལ་འཕྲད་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི ་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་ རིང་ལགས་མཉམ་བཅར་ཞུས་ཡོད་པ་བཅས། །