༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ་ནས་ཚེས་ ༣༠ རེས་གཟའ་སྤེན་པ་བར་ལས་ཉིན་བཅུ་གཉིས་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༧ རེས་གཟའ་ཉི་མ་ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་པའི་ཚོགས་བརྡ་གསལ་བསྒྲགས་དང་། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༦ འཁོད་གྲོས་ཚོགས་ཚོགས་དུས་བདུན་པའི་ཚོགས་བརྡ་སྔོན་སོང་དེ་བཞིན་ཕྱིར་འཐེན་བྱ་རྒྱུ་བཅས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། རབ་གནས་ཆུ་ཡོས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༡ ལ་
ཕུལ།།