༄༅། །འདི་གར་ཆེ
དེའི་རྗེས་སྐོར་སྐྱོད་ཁྲིམས་ཞིབ་པ་མཆོག་ནས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ལ་ས་གནས་ཁྲིམས་ཞིབ་པ་གསར་པ་གཉིས་ཀྱི་ངོ་སྤྲོད་དང་། ཁྲིམས་ཞིབ་ཁང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནང་སྟེ་དམ་འབུལ་གྱི་མཛད་སྒོ་གྲུབ་མཚམས་ས་གནས་ཁྲིམས་ཞིབ་པ་གསར་པ་ཆོས་སྐྱིད་ལགས་ནས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པའི་ལས་འཁུར་འགོ་འཛུགས་ཞུས་པ་དང་། ས་གནས་ཁྲིམས་ཞིབ་པ་གསར་པ་ཕུན་ཚོགས་དཔལ་ལྡན་ལགས་ད་རིང་ཕྱི་དྲོ་སྡེ་ར་ལྡུན་ས་གནས་ནས་ཕེབས་ཐོན་གྱིས་སྦེལ་ཀོབ་ས་གནས་སུ་འབྱོར་མཚམས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པའི་ལས་འཁུར་འགོ་འཛུགས་ཞུ་རྒྱུ་བཅས་ཀྱི་གནས་ཚུལ་དུ། །
བྱང་ཕྱོགས་དང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་གསར་བསྐོ་གཉིས་ཀྱི་ལས་འཁུར་དམ་འབུལ་ལེགས་གྲུབ།
གསར་གནས།

འབྲེལ་གནས།
