༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༨ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༦ བར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོར་བཅར་རྒྱུ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་དཔལ་འབྱོར་ལས་ཁུངས་ཀྱི་ཀམ་པུ་ཌར་སྡེ་ཚན་ནས་གོ་སྒྲིག་གནང་བཞིན་པ་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་ཚོགས་འདུ་ཐེངས་གཉིས་པར་མཉམ་ཞུགས་གནང་རྒྱུ་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།