
དེ་ཉིན་བོད་མི་མང་སྤྱི་འཐུས་རྣ མ་པས་རྒྱ་གར་གྲོས་ཚོགས་འོག་མའི་ འཐུས་མི་འབུམ་རམས་པ་སྐུ་ཞབས་ས་སི་མི་ཏ་པ་ཊ་ར་(Dr. Sasmit Patra) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ ཞབས་ཝན་ཝའི་རའོ་ཁར་ལུ་ཁི་ (Shri Wanweiroy Kharlukhi) མཆོག ཕྱི་དྲོ་རྒྱ་གར་དབུས་བློན་ཆེན་ ཟུར་པ་དང་། རྒྱ་གར་ཀོང་རེ་སི་ (Indian National Congress) སྲིད་དོན་ཚོགས་པའི་རྒྱལ་ཡོངས་སྤྱི ་ཁྱབ་དྲུང་ཆེ་སྐུ་ཞབས་ཇེ་པི་ཨ་གྷར་ཝལ་ (Shri J P Aggarwal) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲ ད་ཀྱིས་བོད་དོན་ཞུ་སྐུལ་གནང་རྗེ ས། ཐེངས་འདིའི་ཉིན་གྲངས་དྲུག་རིང་ གི་རྒྱལ་ས་ལྡི་ལི་ཁུལ་གྱི་བོད་ དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་ སུ་ལེགས་གྲུབ་བྱུང་ཡོད་འདུག