༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་མཁན་པོ ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་ རྗེ་ལགས་རྣམ་གཉིས་ནས་རྒྱ་གར་བྱ ང་ཤར་ཁུལ་གྱི་གྷོ་ཝ་ཧ་ཀྲི་དང་། ཤིས་ལོངས། བསྟན་འཛིན་སྒང་། འབུམ་སྡེ་ལ། དེ་བཞིན་མོན་རྟ་དབང་ས་གནས་བཅས་ ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེ ས། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོར་རྟ་དབང་ཁུལ་ནས་ ལམ་ཞུགས་ཀྱིས་ཕེབས་ཐོན་གནང་སྟེ་ མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོ ར་གླིང་དུ་ཕེབས་འབྱོར་མཚམས། ཆོས་རྗེ་བླ་མ་ཉི་མ་བཀྲ་ཤིས་མཆོ ག་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ ། ཐོག་མར་དགོན་པའི་འདུ་ཁང་དུ་མཆོ ད་མཇལ་གནང་ཡོད་པ་དང་། དེ་རྗེས་མར་པ་ཆོས་ཀྱི་བློ་གྲོས་ སློབ་གྲྭར་གཟིགས་སྐོར་དང་། དགེ་ལས་སློབ་མ་ཡོངས་ལ་བོད་ཀྱི་ སྐད་ཡིག་དང་། སློབ་སྦྱོང་གི་གལ་ཆེ་རང་བཞིན་སྐོ ར་བཀའ་སློབ་གསུང་བཤད་གནང་འདུག
སྤྱི་འཐུས་རྣམ་གཉིས་ནས་མོན་དཔལ་ སྤུངས་བྱང་ཆུབ་ཆོས་འཁོར་གླིང་དུ ་ལས་རིམ་གྲུབ་རྗེས། སླར་ཡང་ལམ་ཞུགས་ཀྱིས་རྡེ་རང་བོ ད་མིའི་ཁ་འཐོར་གཞིས་ཆགས་སུ་ཕེ བས་ཐོན་གྱིས་ས་གནས་སུ་འབྱོར་ མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོ གས་མིས་གཙོས་པའི་མི་མང་ཡོངས་ནས་ རྡེ་རང་དུས་འཁོར་ཐང་ཆེན་དུ་ཕེ བས་བསུའི་སྣེ་ལེན་ཞུས་འདུག་པ་མ་ ཟད། སྤྱི་འཐུས་རྣམ་གཉིས་ནས་མི་མང་ འདུ་འཛོམས་ཐོག་གསུང་བཤད་མདོར་ བསྡུས་རེ་གནང་རྗེས། མང་ཚོགས་ཀྱི་དྲི་བ་དང་བསམ་ཚུལ་ ཁག་ལ་གསལ་བཤད་ལན་འདེབས་གནང་སྟེ་ ལས་རིམ་གྲུབ་པ་དང་། སླར་ཡང་ལམ་ཞུགས་ཀྱིས་འབུམ་སྡེ་ ལར་ཕེབས་ཐོན་གྱིས་དེར་ཞག་སྡོད་ གནང་འདུག
ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་ གཉིས་འབུམ་སྡེ་ལ་ནས་ཕེབས་ཐོན་ གནང་སྟེ། ཕྱི་དྲོར་ཏེ་ཛུ་པུར་ལ་ཕེབས་འབྱོ ར་གནང་འདུག ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་སླར་ཡང་ཏེ་ཛུ་ པུར་ནས་ཕེབས་ཐོན་གྱིས་ཉིན་གུང་ ན་གྷ་ལན་ཌི་མངའ་སྡེའི་དྷེ་མ་པུ ར་བོད་མིའི་ཚོང་པའི་འདུ་སྡོད་ས་ གནས་སུ་འབྱོར་མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོ གས་གཙོ་གཙོས་འབྲེལ་ཡོད་ཚོས་ཕེ བས་བསུའི་སྣེ་ལེན་གནང་རྗེས།
ས་གནས་བོད་མིའི་ཁྲོམ་ས་ཁག་ཏུ་ གཟིགས་སྐོར་དང་རྒྱུས་ལོན་གནང་ འདུག ཕྱི་དྲོར་ས་གནས་བོད་མིའི་སྤྱི་ ཁང་དུ་སློབ་ཕྲུག་རྣམས་དང་ཐུག་ འཕྲད་ཀྱིས་ས་གནས་དེའི་བོད་ཡིག་ འཛིན་གྲྭ་དང་འབྲེལ་བའི་ཐོག་རྒྱུ ས་ལོན་དང་གཟིགས་ཞིབ་གནང་འདུག་པ་ མ་ཟད། བོད་ཀྱི་སྐད་ཡིག་གི་གལ་གནད་དང་། བོད་ཀྱི་ངོ་བོ་མ་བརླག་པ་བྱེད་ དགོས་གལ་སྐོར་སོགས་བཀའ་སློབ་ གནང་འདུག དེ་རྗེས་ས་གནས་རང་བདེན་ཚོགས་ཆུ ང་གི་ཚོགས་ཁང་དུ་གཟིགས་སྐོར་དང་ ། ཕྱི་དྲོར་ས་གནས་བོད་མིའི་ཚོགས་ ཁང་དུ་མི་མང་འཚོགས་འདུ་བསྐོངས་ ཏེ་སྤྱི་འཐུས་རྣམ་གཉིས་ནས་གསུང་ བཤད་གནང་འདུག་པ་མ་ཟད། མི་མང་གི་བསམ་ཚུལ་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་སོ གས་གནང་འདུག
ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་དྷེ་མ་པུར་ནས་ ཕེབས་ཐོན་གནང་སྟེ་ན་གྷ་ལན་ཌི་ མངའ་སྡེའི་ཀོ་ཧེ་མ་བོད་མིའི་ཚོ ང་པའི་འདུ་སྡོད་ས་གནས་སུ་ཕེབས་ འབྱོར་བྱུང་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་ནས་ས་གནས་ཀྱི ་ཚོགས་ཁང་དུ་བོད་པའི་ཚོང་གཉེར་ བ་རྣམས་དང་ཐུག་འཕྲད་ཞུས་པའི་ཁར། ས་གནས་ཀྱི་གནས་སྟངས་ཐོག་རྒྱུས་ ལོན་དང་རྟོག་ཞིབ་གནང་བ་མ་ཟད། མང་ཚོགས་ཀྱི་བསམ་ཚུལ་དང་དོགས་ འདྲི་ཁག་ལ་ལན་འདེབས་གསལ་བཤད་ཞུ ས་གྲུབ་མཚམས། ས་གནས་ཀྱི་ཁྲོམ་སར་གཟིགས་སྐོར་ དང་རྟོག་ཞིབ་གནང་རྗེས་སླར་ཡང་དྷེ ་མ་པུར་ལ་ཕྱིར་ཕེབས་ཐོན་གནང་ཡོ ད་འདུག
བོད་མི་མང་སྤྱི་འཐུས་མཁན་པོ་ འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་ རྗེ་ལགས་རྣམ་གཉིས་ནས་རྒྱ་གར་གྱི ་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ ཝ་ཧ་ཀྲི་དང་། མེ་གྷ་ལ་ཡ་མངའ་སྡེའི་ཤིས་ལོངས་ གཞིས་ཆགས། ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་ སྒང་གཞིས་ཆགས་དང་། འབུམ་སྡེ་ལ་བོད་མིའི་ཁ་འཐོར་གཞི ས་ཆགས། མོན་རྟ་དབང་བོད་མིའི་ཁ་འཐོར་གཞི ས་ཆགས། རྡེ་རང་བོད་མིའི་ཁ་འཐོར་གཞིས་ ཆགས། དེ་བཞིན་ན་གྷ་ལན་ཌི་མངའ་སྡེའི་ དྷེ་མ་པུར་བོད་མིའི་ཚོང་པའི་འདུ ་སྡོད་ས་གནས་དང་ཀོ་ཧེ་མ་བོད་མི འི་ཚོང་པའི་འདུ་སྡོད་ས་གནས་བཅས་ སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོ ད་ཀྱི་ལས་རིམ་ཡོངས་རྫོགས་ལེགས་ པར་གྲུབ་འདུག་པ་བཅས། །