༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ ལས་ཁུངས་དང་གངས་ཅན་རིག་གནས་སློ བ་གྲྭ་ཟུང་འབྲེལ་ཐོག་གོ་སྒྲིག་ ཞུས་པའི་བོད་ཀྱི་སྐད་ཡིག་དང་ནང་ དོན་རིག་པའི་ཟབ་ཁྲིད་ཐེངས་བཅུ་ པ་དེ་རིང་ལེགས་གྲུབ་བྱུང་ཡོད།
ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ ནི། མཐོ་སློབ་ཐོན་པའི་བོད་པའི་ གཞོན་སྐྱེས་རྣམས་དེང་དུས་ཤེས་ཡོ ན་ལྡན་པའི་ཐོག བོད་ཀྱི་སྐད་ཡིག་དང་ལྷག་པར་ནང་ དོན་རིག་པའི་ཐོག་ཤེས་རྟོགས་ལེ གས་པོ་ཡོད་པའི་འདབ་ཤོག་གཉིས་ལྡ ན་གྱི་བོད་མི་ཞིག་ཏུ་འགྱུར་ཐབས་ ལ་དམིགས་ཏེ་གོ་སྒྲིག་ཞུ་བཞིན་ཡོ ད།དུས་ཡུན་ཟླ་བ་དྲུག་གི་རིང་སློབ་ ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ དང་། ནང་དོན་རིག་པ། གཞུང་ཆེན་ཁག་གི་ངོ་སྤྲོད། རིགས་ལམ། སྒོམ་སྒྲུབ་ཉམས་ལེན་སོགས་སློབ་ ཁྲིད་གནང་ཡོད།
ཐེངས་འདིའི་ཟབ་ཁྲིད་ནང་ས་གནས་ ཁག་བཅུ་ཙམ་ནས་བོད་པའི་སློབ་ཕྲུ ག་ ༡༩ ཡིས་མཉམ་བཞུགས་ཀྱིས་སྦྱང་འབྲས་ ལེགས་པར་གྲུབ་ཡོད། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོ ན་གཙོ་བོར་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་། དམིགས་བསལ་སྐུ་མགྲོན་ཕྱོགས་བཞུ གས་བོད་མི་མང་སྤྱི་འཐུས་མི་འགྱུ ར་རྡོ་རྗེ་ལགས། དེ་བཞིན་ཧོན་སོར་རབ་རྒྱས་གླིང་ ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོ ན་ལགས་དང་། གངས་ཅན་རིག་གནས་སློབ་གྲྭའི་སློ བ་སྤྱི་དགེན་ཡོན་ཏན་ལགས་བཅས་ལྷ ན་འཛོམས་ཀྱིས་སློབ་ཕྲུག་རྣམས་ལ་ གསུང་བཤད་ལམ་སྟོན་དང་། གཟེངས་སུ་ཐོན་པའི་སློབ་ཕྲུག་རྩེ ་ཕུད་རྣམས་ལ་ལེགས་གསོལ་བྱ་དགའ། ཟབ་སྦྱོང་མཉམ་བཞུགས་གནང་མཁན་རྣ མས་ལ་ཟབ་ཁྲིད་ལེགས་གྲུབ་བྱུང་ བའི་ཕྱག་འཁྱེར་བཅས་གནང་ཡོད། །