༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༡ ནས་ ༢༦ བར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སོ་སོའི་རྩུབ་སྤྱོད་ཞུ་གཏུག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཆགས་སྲེད་རྩུབ་སྤྱོད་འགོག་ཐབས་དང་འབྲེལ་བའི་ཟབ་སྦྱོང་གནང་ཡོད་པ་རེད།
ཟབ་སྦྱོང་སྐབས་ཚོགས་མི་རྣམས་ལ་ (Migration and Asylum Project ) ཞེས་པའི་ཚོགས་པའི་ལོ་ནོཊ་པལ་དཏྟ་ལགས་དང་། འཇམ་དབྱངས་ལྷ་མོ་ལགས་གཉིས་ནས་ལས་ཁུངས་ཁག་ཏུ་བུད་མེད་རྣམས་ལ་དམིགས་པའི་རྩུབ་སྤྱོད་འགོག་ཐབས་དང་འབྲེལ་བའི་ཁྲིམས་ཡིག་ (POSH ACT) ངོ་སྤྲོད་དང་སྦྲགས། ཕོ་མོའི་དབྱེ་བ་དང་། ཕོ་གཙོ་ལམ་ལུགས། རྩུབ་སྤྱོད། ཆགས་སྲེད་དང་འབྲེལ་བའི་བརྙས་བཅོས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད། ཐེངས་འདིའི་ཟབ་སྦྱོང་ལ་ཨ་རིའི་རོགས་ཚོགས་ཀྱིས་དཔལ་འབྱོར་མཐུན་རྐྱེན་སྦྱར་ཡོད་པ་བཅས།།